འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་14ཉིན།

༄༅།།“ལོ་ལྔ་ཚན་བཅུ་བཞི་པའི”སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་སྐུལ་གཏོང་འདུ་འགོད་ལ་ཀྲུང་དབྱང་གི་སྔོན་རྩིས་ནས་མ་དངུལ་93%ལྷག་
ཙམ་དབུས་ནུབ་ས་ཁུལ་དུ་བགོ་བཤའ་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་14ཉིན། 10:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་སྐུལ་གཏོང་འདུ་འགོད་ལ་ཀྲུང་དབྱང་གི་སྔོན་རྩིས་ནས་མ་དངུལ་ཁྲོད་དབུས་ནུབ་ས་ཁུལ་ལ་བགོས་པའི་བསྡུར་ཚད་93%ལྷག་ཙམ་ཟིན་པ་དང་2023ལོར་དབུས་ནུབ་ས་ཁུལ་གྱི་ཞིང་ཆེན་ལ་མ་དངུལ་སྒོར་དུང་ཕྱུར་60.7བཀོད་སྒྲིག་བྱས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། དབུས་ནུབ་ས་ཁུལ་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། དགེ་རྒན་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། སློབ་གསོ་འཕེལ་རྒྱས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། དབུས་ནུབ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་ཏན་ཏིག་ཕྱིན་པ། སློབ་གསོ་དེང་རབས་ཅན་ལ་འཕེལ་རྒྱས་ཆེན་པོ་ཕྱིན་པ་བཅས་རེད།

    མ་དངུལ་གཏོང་བའི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབུས་ནུབ་རྒྱུད་ཀྱི་སློབ་གསོ་དེ་རྒྱལ་ཡོངས་ཀྱི་སློབ་གསོའི་སྤྱིའི་བཀོད་ཇུས་ནང་བཅུག་ནས་སྔོན་ལ་ཇུས་འགོད་བྱས་ཤིང་། 2023ལོར་ཀྲུང་དབྱང་ནོར་སྲིད་ཀྱི་སློབ་གསོའི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་80%ཡན་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་དུ་བེད་སྤྱོད་བྱས་པ་དང་། ས་གནས་ཁག་གི་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་སྔར་བས་མགྱོགས་སུ་བཏང་བས་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་དང་སྒྲིག་ཆས་སྒྲིག་བཀོད་སྒྲིག་སྦྱོར་ཚད་གཞིར་སླེབས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    སློབ་གསོ་གྲངས་འཛིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་སྤུས་ལེགས་ཐོན་ཁུངས་ཁྱབ་རྒྱ་ཆེ་རུ་བཏང་ཞིང་། རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་བློ་རིག་སློབ་གསོའི་ལས་སྟེགས་དེ་དབུས་ནུབ་ས་ཁུལ་ལ་ནུས་ལྡན་ངང་སྤྱོད་པར་སྐུལ་འདེད་བཏང་ནས་2023ལོར་སློབ་མ་བརྒྱ་རེའི་དྲ་ངོས་ལྟ་ཚད་མདུན་གྲལ་གྱི་ཨང་10ཡི་གྲས་སུ་སླེབས་པའི་ཞིང་ཆེན་ཁྲོད་དབུས་ནུབ་ས་ཁུལ་གྱིས་70%བཟུང་ཡོད་པ་རེད།

    དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བྱང་ཚད་མཐོ་བའི་དགེ་རྒན་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཤིང་། 2023ལོའི་བར། དམིགས་བསལ་ལས་གནས་འཆར་གཞིས་དབུས་ནུབ་ས་ཁུལ་གྱི་རྫོང་1000ལྷག་ཙམ་དང་གྲོང་གསེབ་ཀྱི་སློབ་གྲྭ་ཁྲི་3ལྷག་ཙམ་ལ་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཁྲི་115ཙམ་ཁ་གསབ་བྱས་པ་དང་། པུའུ་ཁོངས་གཏོགས་དགེ་འོས་སློབ་ཆེན་6གིས་རིམ་རྩིས་བརྒྱབ་ན་གཞུང་གྲོན་གྱི་དགེ་འོས་སློབ་མ་ཁྲི་14.82བསྡུས་པའི་ནང་90%ཙམ་དབུས་ནུབ་རྒྱུད་དུ་དགེ་རྒན་བྱེད་ཀྱི་ཡོད།