འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་12ཉིན།

༄༅།།དམག་དོན་མཉམ་འབྲེལ་འདི་རྒྱལ་ཁབ་གང་ལའང་དམིཊ་པ་མིན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་12ཉིན། 14:15】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཟླ་7ཚེས་10ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས། ཉེ་ལམ་དམག་དོན་འཁྲབ་སྦྱོང་བྱེད་བཞིན་པའི་ཀྲུང་གོ་དང་བྷེ་ཨུ་རུ་སུའི་མཉམ་འབྲེལ་དམག་སྦྱོང་བྱ་ཡུལ་ནི་བྱང་ཆིངས་ཀྱི་ཁོངས་མིའི་རྒྱལ་ཁབ་ཕོ་ལན་གྱི་ཉེ་འགྲམ་ཡིན་པ་དང་། དཔྱད་གཏམ་པ་ཞིག་གིས་དེ་ནི་བྱང་ཆིངས་ལ་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་ཅིག་རེད་ཅེས་བརྗོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

ལིན་ཅན་གྱིས་བསྟན་དོན། ད་ཐེངས་ཀྱི་ཀྲུང་གོ་དང་བྷེ་ཨུ་རུ་སུའི་སྐམ་དམག་མཉམ་འབྲེལ་སྦྱོང་བརྡར་ནི་རྒྱལ་ཁབ་གཉིས་པོའི་ལོ་འཁོར་གྱི་མཉམ་ལས་འཆར་གཞི་གཞིར་བཟུང་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། ཀྲུང་གོ་དང་བྷེ་ཨུ་རུ་སུའི་བར་གྱི་རྒྱུན་ལྡན་དམག་དོན་སྤེལ་རེས་ཀྱི་མཉམ་ལས་ཤིག་ཡིན་པས། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་དང་མཐུན་ཞིང་། དམིགས་བསལ་གྱི་རྒྱལ་ཁབ་གང་ལའང་དམིགས་པ་མིན།