འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་11ཉིན།

༄༅།།ཟླ་བ་6པའི་ཟླ་མཇུག་བར་ཕྱི་དངུལ་གྲབས་གསོག་གི་གྲངས་འབོར་ཨ་སྒོར་དུང་ཕྱུར་32224ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་11ཉིན། 10:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་བ་6པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གི་གྲངས་འབོར་ཨ་སྒོར་དུང་ཕྱུར་32224ཟིན་པ་དེ་ཟླ་བ་5པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་97ཆག་པ་དང་ཆག་ཚད་0.30%ཟིན་ཡོད་པ་རེད།

     ཟླ་བ་6པར་དཔལ་འབྱོར་དངོས་ཚན་གཙོ་བོའི་དངུལ་ལོར་སྲིད་ཇུས་དང་དེ་བཞིན་སྔོན་དཔག སྤྱི་ཁོག་དཔལ་འབྱོར་གྱི་གྲངས་གཞི་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཨ་སྒོར་གྱི་སྟོན་གྲངས་འཕར་བ་དང་གོ་ལ་ཧྲིལ་པོའི་དངུལ་རྩའི་རྒྱུ་ནོར་གྱི་རིན་གོང་སྤྱི་ཡོངས་ནས་འཕར་ཡོད་པ་རེད། དངུལ་བརྗེའི་འཛའ་ཐང་ཕབ་རྩིས་དང་རྒྱུ་ནོར་གྱི་རིན་གོང་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱི་ཕྱོགས་བསྡུས་ནུས་པ་ཐོན་པར་བརྟེན་ཟླ་བ་དེའི་ཕྱི་དངུལ་གྲབས་གསོག་གི་གྲངས་འབོར་ཆག་ཡོད། འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་བསྐྱར་འཕར་གྱི་འཕེལ་ཕྱོགས་བཟང་པོ་མངོན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཕྱི་དངུལ་གྲབས་གསོག་གི་གྲངས་འབོར་མུ་མཐུད་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་འདེགས་སྐྱོར་བྱས་ཡོད།