འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་10ཉིན།

༄༅།།ཨ་རིའི་ཙུང་ཐུང་གིས་ཆོག་མཆན་སྤྲད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་10ཉིན། 10:38】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་9ཉིན། ཕོ་བྲང་དཀར་པོའི་གསར་འགྱུར་མགྲིན་ཚབ་པ་ཁ་ལི་ན་·རང་-ཕི་ཨེར་གྱིས་གསར་འགྱུར་མདོར་བསྡུས་ཚོགས་འདུའི་ཐོག ཨ་རིའི་ཙུང་ཐུང་པའེ་ཏེང་གིས་དེ་ཉིན་ཏེ་ཁེ་ས་སི་མངའ་སྡེའི་གནོད་འཚེ་ཚབས་ཆེན་གྱི་གསལ་བསྒྲགས་ལ་ཆོག་མཆན་སྤྲད་དེ་ཏེ་ཁེ་ས་སི་མངའ་སྡེར་རྒྱ་མཚོའི་རླུང་འཚུབ་“པེ་ལིར་”་གྱི་གནོད་འཚེ་ལ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བཤད་པ་རེད།

    རྒྱ་མཚོའི་རླུང་འཚུབ་“པེ་ལིར་”ནི་ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་8ཉིན་ཨ་རིའི་ལྷོ་རྒྱུད་ཀྱི་སྐམ་སར་ལྡང་ནས། ཉུང་མཐར་ཡང་མི་8རྐྱེན་ལམ་དུ་ཤོར་བ་དང་། ཁྱིམ་དུད་300ཙམ་གྱི་གློག་ཆད་ཡོད་པ་རེད།