གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 07ཚེས་09ཉིན། 15:10】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་7ཚེས་8ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། དེ་ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས་དེ་གོང་ཨུ་རུ་སུའི་པོ་ལུའོ་ཏི་རྒྱ་མཚོའི་དམག་གྲུ་རུ་ཁག་གི་དམག་སྤྱི་གཞོན་པ་དང་པོའི་འགན་འཁུར་བའི་མཚོ་དམག་ཀྲུང་ཅང་དམག་དཔོན་ཞེའར་ཀེ·ལི་ཕི་ལིན་པོ་ལུའོ་ཏི་རྒྱ་མཚོའི་དམག་གྲུ་རུ་ཁག་གི་དམག་སྤྱི་ལ་བསྐོ་གཞག་བྱས་པ་རེད། པོ་ལུའོ་ཏི་རྒྱ་མཚོའི་དམག་གྲུ་རུ་ཁག་གི་དམག་སྤྱི་ཟུར་པ་ཕུའུ་ལ་ཅི་སྨིར·ཝོ་ལུའོ་པི་གཡོད་ཧྥུའུ་མཚོ་དམག་གི་ཀྲུང་ཅང་དམག་དཔོན་ཨུ་རུ་སུའི་མཚོ་དམག་གི་སྤྱི་ཁྱབ་དམག་སྤྱི་གཞོན་པར་བསྐོས་པ་རེད།