འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་8ཉིན།

༄༅།།དབྱིན་ཇིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་བྱ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་08ཉིན། 14:20】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་7ཉིན། གསར་དུ་བསྐོ་གཞག་བྱས་པའི་དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་ཡུའེ་ཧན·ཞི་ལིས་ཨའོ་ཏེ་སར་འཚམས་འདྲིར་བྱེད་སྐབས་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཁས་ལེན་བྱས་པ་མ་ཟད། རོགས་སྐྱོར་འཆར་གཞི་གསར་པ་སྡེབ་གཅིག་ཁྱབ་བསྒྲགས་བྱས་པ་དེའི་ནང་ཁ་ཞེང་50ཡི་རྫས་མདེལ་ཁྲི་25དང་། ཐན་ཁེ་རྒོལ་བྱེད་འཕུར་མདའ་90 དམག་གྲུ་ཆུང་གྲས་50 ས་འོག་འབར་མདེལ་འབུད་པའི་རླངས་འཁོར་40 ས་འདེད་འཕྲུལ་འཁོར་61བཅས་དང་དེ་བཞིན་སྒྱོགས་མདེལ་རིགས་གཞན་ཚུད་ཡོད་པ་རེད།