འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་3ཉིན།

༄༅།།སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་ཐང་འཛུགས་སྐྲུན་དང་འབྲེལ་བའི་རྒྱལ་ཁབ་ཀྱི་ཚད་གཞི་ཟླ་7ཚེས་1ཉིན་ནས་ལག་ལེན་བསྟར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་03ཉིན། 10:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཨུ་ལྷན)ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་7ཚེས་1ཉིན། 《སློབ་གྲྭ་འབྲིང་ཆུང་གི་འདྲེས་སྦྱོར་རྒྱུ་ཆ་བཏིང་བའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་ར》དང་། 《སློབ་གྲྭ་འབྲིང་ཆུང་གི་འདྲེས་སྦྱོར་རྒྱུ་ཆ་བཏིང་བའི་ལན་ཆིའུ་སྤོ་ལོ་ཐང》 《སློབ་གྲྭ་འབྲིང་ཆུང་གི་འགྱིག་རྩྭ་བཏིང་བའི་རྐང་རྩེད་སྤོ་ལོ་ཐང》སོགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ལག་ལེན་བསྟར་འགོ་ཚུགས་པ་རེད།

    རྒྱལ་ཁབ་ཀྱི་ཚད་གཞི་ཁག་གསུམ་པོ་དེ་གཙོ་བོ་སློབ་གྲྭ་འབྲིང་ཆུང་གི་འདྲེས་སྦྱོར་རྒྱུ་ཆ་བཏིང་བའི་མཆོང་རྒྱུག་འཕེན་གསུམ་དང་། ལན་ཆིའུ་སྤོ་ལོ་ཐང་། འགྱིག་རྩྭ་བཏིང་བའི་རྐང་རྩེད་སྤོ་ལོ་ཐང་བཅས་ཀྱི་ཕྱི་ཚུལ་དང་། ཚད་གཞི། མཚོན་རྟགས་ཐིག སྙོམས་ཚད། དངོས་ལུགས་འཕྲུལ་ཆས་ཀྱི་གཤིས་ནུས་སོགས་ལ་དམིགས་ནས་ཚད་ལྡན་གྱི་བླང་བྱ་བཏོན་ཡོད། བཙན་ཐབས་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི《སློབ་གྲྭ་འབྲིང་ཆུང་གི་འདྲེས་སྦྱོར་རྒྱུ་ཆ་བཏིང་བའི་ལུས་རྩལ་ཐང》(GB 36246-2018)གི་ཆ་འགྲིག་ཚད་གཞི་ཡིན་པའི་ཚད་གཞི་ཁག་གསུམ་གྱི་ནང་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་ཐང་གི་འབྲེལ་ཡོད་རྒྱུ་ཆའི་གཤིས་ནུས་ཀྱི་བླང་བྱ་ཁ་གསལ་བཟོས་ནས་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་ཐང་བསྐྲུན་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་བྱ་རྒྱུ་ཡིན་པ་རེད།