གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 07ཚེས་01ཉིན། 09:35】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་28ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)མཉམ་དུ་ཏང་ཞུགས་ཧུར་བརྩོན་ཅན་དང་འཕེལ་རྒྱས་གཏོང་ཡུལ་ལ་བརྙན་ལམ་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ་བརྙན་ལམ་ནས་གཅིག་སྡུད་སློབ་ཚན་ཁྲིད་དེ་རྒྱལ་ཡོངས་ཀྱི་ཏང་ཞུགས་ཧུར་བརྩོན་ཅན་དང་། འཕེལ་རྒྱས་གཏོང་ཡུལ། ཏང་ཡོན་འཕེལ་རྒྱས་ལས་དོན་གྱི་འགན་འཁུར་མཁན་རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་བཅས་ཁྲི་2.6ལ་གསོ་སྦྱོང་བྱས་ཤིང་། གསོ་སྦྱོང་འཛིན་གྲྭས་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རུ་སློབ་ཚན་གཙོ་བོ་དང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)རུ་ཡན་ལག་སློབ་ཚན་ཁག་480ཙམ་བཀོད་སྒྲིག་བྱས་ཡོད།
ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭས་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཐོག་ཏང་ཞུགས་ཧུར་བརྩོན་ཅན་དང་འཕེལ་རྒྱས་གཏོང་ཡུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་འགན་འཁུར་བློ་མཐུན། ཀྲུང་དབྱང་རྩ་འཛུགས་པུའི་འབྲེལ་ཡོད་ལས་སྒོ་ཅུས་ཀྱི་འགན་འཁུར་བློ་མཐུན་བཅས་ཀྱིས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ”དང་། “ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན”“གུང་ཁྲན་ཏང་ཡོན་ཚད་ལྡན་ཞིག་ཇི་ལྟར་བྱེད་དགོས་པ”བཅས་དང་འབྲེལ་ནས་ཆེད་དོན་འཆད་ཁྲིད་ཁག་3བྱས་པ་མ་ཟད། “འཇིག་རྟེན་འཕུར་སྐྱོད་དཔའ་བོ”ཝང་ཡ་ཕིང་དང་། “ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུའི་འགོ་འཛིན་དཔའ་བོ”ལིའུ་ཁྲོན་ཅན། “རྒྱལ་ཡོངས་ཀྱི་ཞིང་པ་ལས་མི་ཕུལ་བྱུང”ཙོའུ་པིན། “སློབ་གྲྭ་ཆེ་མོ་བ་ཡག་ཤོས”ལིའུ་མིན་བཅས་ཕུལ་བྱུང་ཏང་ཡོན་གྱི་འཐུས་མི་4གདན་དྲངས་ནས་དཔེ་མཚོན་གཏམ་བཤད་བྱས་པ་དེས་ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ལ་སྣེ་ཁྲིད་ཀྱིས་ཏང་ཞུགས་ཧུར་བརྩོན་ཅན་དང་འཕེལ་རྒྱས་གཏོང་ཡུལ་ལ་གསོ་སྦྱོང་སློབ་གསོ་གཏོང་ཤུགས་ཆེ་རུ་ཕྱིན་པ་དང་། ཁོང་ཚོར“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་རོགས་རམ་བྱས་པས་ཏང་ལ་ཞུགས་པའི་སྐུལ་སློང་ཡང་དག་པ་དང་གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ཆེད་ཚེ་གང་འབད་འཐབ་བྱེད་པའི་དད་སེམས་འཕེལ་ཡོད།