གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་28ཉིན། 13:38】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཧན་གོའི་རྒྱལ་སྲུང་པུས་ས་གནས་དེ་གའི་དུས་ཚོད་ཚེས་27ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རི་དང་ལྗར་པན། ཧན་གོ་རྒྱལ་ཁབ་གསུམ་པོས་ཉིན་དེ་ནས་བཟུང་མིང་ལ“རང་དབང་རྣོ་ཁ་”(Freedom Edge)ཟེར་བའི་མཉམ་འབྲེལ་དམག་དོན་ནང་སྦྱོང་ཐོག་མ་བྱས་པ་རེད།
ད་ལོའི་ཟླ་6པའི་ཟླ་མགོར། རྒྱལ་སྲུང་པུའུ་ཀྲང་གསུམ་པོས་སིང་ཀ་ཕོར་གྱི་ཞང་ཀེ་ལི་ལར་སྐད་ཆ་ཤོད་རེས་ཚོགས་འདུའི་རིང་ཐུག་འཕྲད་བྱས་ནས། ད་ལོའི་དབྱར་ཁ་ནས་བཟུང་དམག་དོན་ནང་སྦྱོང་བྱ་རྒྱུའི་གྲོས་ཐག་བཅད་པ་རེད།