གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་28ཉིན། 13:37】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་6ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའུ་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་དང་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་ཝུའུ་ཆན་གྱིས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་རེད།
བྷེ་ཨུ་རུ་སུའི་རྒྱལ་སྲུང་པུའི་གདན་ཞུས་ལྟར། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་རྔམ་སྦྲེང་གུས་ལུགས་རུ་ཆེན་གྱིས་རྔམ་སྦྲེང་ཡན་ལག་རུ་ཁག་འཐེན་སྒྲུག་བྱས་ནས། ཟླ་7ཚེས་3ཉིན་བྷེ་ཨུ་རུ་སུའི་བཅིངས་འགྲོལ་བཏང་ནས་ལོ་80འཁོར་བའི་རྟེན་འབྲེལ་དམག་གཟིགས་བྱེད་སྒོར་ཞུགས་རྒྱུ་རེད། ཡན་ལག་རུ་ཁག་འདིས་མིག་སྔར་མེན་སི་ཁེ་རུ་འཕྲོད་མཐུན་རང་བཞིན་གྱི་སྦྱོང་བརྡར་བྱེད་བཞིན་ཡོད།
ཀྲུང་གོ་དང་བྷེ་ཨུ་རུ་སུ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་རེད། 2018ལོ་དང་2019ལོར། བཅིངས་འགྲོལ་དམག་གི་རྔམ་སྦྲེང་ཡན་ལག་རུ་ཁག་གདན་ཞུས་ལྟར་བྷེ་ཨུ་རུ་སུར་ཐེངས་གཉིས་ལ་བསྐྱོད་ནས་དམག་གཟིགས་བྱེད་སྒོར་ཞུགས་མྱོང་ཡོད།