འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་28ཉིན།

༄༅།།རླངས་འཁོར་ཁྲི་66.8ཕྱིར་བསྡུ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་28ཉིན། 13:31】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཚེས་25ཉིན་ཨ་རིའི་སྨྱན་སྦྱོར་མང་པོ་ཞིག་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཧྥུ་ཐེ་རླངས་འཁོར་ཀུང་སིས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཕི་ཁ་རླངས་འཁོར་ཁྲི་66.8ཕྱིར་བསྡུ་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་ཨ་རིའི་ས་ཁོངས་དང་འབྲེལ་བ་ཡོད་པའི་རླངས་འཁོར་ཁྲི་55.2ཡོད་པ་རེད།

ད་ཐེངས་ཕྱིར་བསྡུ་བའི་རླངས་འཁོར་ནི་2014ལོའི་ཧྥུ་ཐེ་ཕི་ཁ་རླངས་འཁོར་F150ཡིན་པ་རེད། ཚེས་25ཉིན་ཨ་རིའི་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཡིག་ཆའི་ཐོག་ནས་མངོན་པར། རླངས་འཁོར་དེའི་འགྲོས་འགྱུར་ཆས་ཀྱི་ཕྱིར་གཏོང་འཁོར་མདའི་མྱུར་ཚད་ཚོར་འདྲེན་ཆས་དང་སྒུལ་ཤུགས་ཚོད་འཛིན་མ་ལག་བར་གྱི་བརྡ་རྟགས་བོར་བརླག་ཏུ་ཕྱིན་པས། འགྲོས་འགྱུར་འཕྲུལ་ཆས་ལ་གློ་བུར་འགྱུར་ལྡོག་བྱུང་ནས་འགྲོས་ཚད་རིམ་པ་དང་པོར་འགྱུར་སྲིད་ཅིང་། དེས་རླངས་འཁོར་ཚོད་འཛིན་བྱེད་མི་ཐུབ་པར་གྱུར་ཏེ་རླངས་འཁོར་ལ་དོན་རྐྱེན་བྱུང་བའི་ཉེན་ཁ་ཆེ་རུ་འགྲོ་སྲིད།

ཧྥུ་ཐེ་ཡི་གསལ་བསྒྲགས་ནང་འཁོད་དོན། རླངས་འཁོར་འདིའི་རིགས་ཀྱི་བདག་པོར་ཟླ་7པའི་ཟླ་སྟོད་ལ་བརྡ་ཐོ་འབྱོར་ཐུབ་པ་དང་། བརྒྱུད་ཚོང་པས་འབྲེལ་ཡོད་རླངས་འཁོར་ལ་སྒུལ་ཤུགས་ཚོད་འཛིན་མ་ལག་གི་མཉེན་ཆས་རིན་མེད་ངང་བརྗེ་རྒྱུ་རེད།