གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་28ཉིན། 10:22】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་20ཉིན། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་སློབ་གསོའི་ལས་རིགས་ཀྱིས་ཧྥ་རན་སེའི་ཕ་རི་སིར“རྨང་གཞིའི་ཚན་རིག་དང་ཤེས་བྱ་གསར་གཏོད་དང་ཤེས་ལྡན་པ་གསོ་སྐྱོང”གི་ཚོགས་འདུ་འཚོགས་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་སློབ་གསོ་དང་། ཚན་ཞིབ། ཐོན་ལས་བཅས་ཀྱི་སྤེལ་རེས་དང་མཉམ་ལས་ལ་མཉམ་སྒྲུབ་ལས་སྟེགས་མཁོ་འདོན་བྱས་ནས་ཡུན་རིང་གི་མཉམ་ལས་འབྲེལ་བ་འཛུགས་ཆེད་རེད། ཚོགས་འདུ་འཚོག་རིང་། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་མཐོ་སློབ་མང་པོས་རྩིས་རིག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
ཀྲུང་གོའི་སློབ་གསོ་པུའི་པུའུ་ཀྲང་ཧོའེ་ཅིན་ཧྥུང་གིས། ཀྲུང་ཧྥ་རྒྱལ་ཁབ་གཉིས་ནི་ཤེས་དཔལ་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་པས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྲོལ་རྒྱུན་བཟང་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་སློབ་གསོ་པུས་རྨང་གཞིའི་ཞིབ་འཇུག་དང་ཤེས་ལྡན་པ་གསོ་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། གནད་དོན་ལ་བརྟེན་ནས་འདེད་སྐུལ་བྱེད་པའི་རིག་ཚན་ཞིབ་འཇུག་དང་ཤེས་བྱ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་དུས་མཚུངས་སློབ་གསོའི་ཕྱི་ཕྱོགས་སྒོ་དབྱེར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོས་སློབ་གསོའི་མཉམ་ལས་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཤེས་བྱ་གསར་གཏོད་བརྒྱུད་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་ཞུས་ནས་འབྱུང་འགྱུར་ལ་ཕྱོགས་པའི་ཕུལ་བྱུང་ཤེས་ལྡན་པ་འཕེལ་རྒྱས་གཏོང་བ་དང་གསོ་སྐྱོང་བྱེད་དགོས་ཞེས་བརྗོད་པ་རེད།