འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་27ཉིན།

༄༅།།ཐེ་རོན་ཕུ་ལ་སླར་ཡང་ཆོག་མཆན་འདི་སྤྲད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་27ཉིན། 13:57】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཚེས་25ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་འདེམས་བསྐོ་ཨུ་ལྷན་གྱིས་སྤྱི་མཐུན་ཏང་གི་ཙུང་ཐུང་འོས་མི་ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུའུ་ལ་སྒེར་གྱི་ནོར་དོན་གནས་ཚུལ་འབུལ་རྒྱུ་སླར་ཡང་ནར་འགྱངས་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།

   གནས་འཕྲིན་སྤེལ་བར་གཞིགས་ན། ཐེ་རོན་ཕུའུ་ཡིས་ཟླ་5ཚེས་15ཉིན། རྒྱལ་ཕྲན་མཉམ་འབྲེལ་འདེམས་བསྐོ་ཨུ་ལྷན་ལ་ཁོ་པ་སྒེར་པའི་ནོར་དོན་གནས་ཚུལ་འབུལ་དགོས་པ་དང་། དེ་རྗེས་ཟླ་7ཚེས་1ཉིན་བར་ནར་འགྱངས་བྱ་རྒྱུའི་རེ་བ་འདོན་དགོས་ཞེས་བཤད་པ་རེད།

   ཟླ་6ཚེས་25ཉིན། ཐེ་རོན་ཕུའུ་ཡི་ཁྲིམས་གཏན་འཁེལ་བའི་འཐུས་མི་ཞིག་གིས་རྒྱལ་ཕྲན་མཉམ་འབྲེལ་གྱི་འདེམས་བསྐོའི་ཚོགས་མིའི་ཚོགས་འདུ་སླར་ཡང་ནར་འགྱངས་བྱ་རྒྱུའི་རེ་བ་བཏོན་པ་དང་། དེའི་རྒྱུ་མཚན་ནི་ཐེ་རོན་ཕུའུ་ཡི་ནོར་དོན་གནས་ཚུལ་རྙོག་འཛིང་ཆེ་བའི་དབང་གིས་རེད།

   རྒྱལ་ཕྲན་མཉམ་འབྲེལ་འདེམས་བསྐོའི་ཚོགས་མིའི་ཚོགས་པས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་པར། ད་ཆ། ཐེ་རོན་ཕུའི་རེ་འདུན་དེར་ཆོག་མཆན་སྤྲད་ཟིན་པ་དང་། རྩིས་སྤྲོད་དུས་བཀག་ཟླ་8ཚེས་15ཉིན་བར་ནར་འགྱངས་བྱས་ཡོད་པ་རེད།