གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་26ཉིན། 15:04】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་25ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས་ཁྱབ་བསྒྲགས་བྱས་དོན། གྲོས་མོལ་བྱས་པ་བརྒྱུད། ཡུག་རེན་གྱི་ཚོད་འཛིན་ས་ཁུལ་དུ་བཙོན་འཇུག་བྱས་པའི་ཨུ་རུ་སུའི་དམག་མི་90ཨུ་རུ་སུར་ཕྱིར་ལོག་བྱས་པ་རེད། བརྗེ་རེས་ཀྱི་ངོས་ནས། ཨུ་རུ་སུས་ཡུག་རེན་ཕྱོགས་ལ་ཡུག་རེན་གྱི་དམག་མི་90རྩིས་སྤྲོད་བྱས་པ་རེད།
ཉིན་དེར་ཨུ་རུ་སུའི་རྒྱལ་སྲུང་པུས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཡིག་ཆ་སྤེལ་ནས། ད་ཐེངས་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་བཟུང་དམག་མི་སྣ་བརྗེ་རེས་བྱེད་པའི་བྱ་སྤྱོད་དེ་ཨ་རབ་ཚོ་དཔོན་རྒྱལ་ཁབ་ཀྱི་མི་ཆོས་རིང་ལུགས་ཀྱི་འདུམ་འགྲིག་འོག་སྤེལ་བ་རེད་ཅེས་འཁོད་ཡོད། ཨུ་རུ་སུའི་མཁའ་དབྱིངས་དམག་གིས་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་བཏང་ནས། གློད་བཀྲོལ་བཏང་བའི་ཨུ་རུ་སུའི་དམག་མི་90མོ་སི་ཁོར་སྐྱེལ་འདྲེན་བྱ་རྒྱུ་དང་། དེའི་རྗེས་སུ་ཁོང་ཚོས་དམག་ཕྱོགས་ཀྱི་སྨན་བཅོས་སྒྲིག་གཞིར་བདེ་ཐང་སླར་གསོའི་སྨན་བཅོས་དང་ལེན་བྱ་རྒྱུ་རེད།
ད་ལོ་ནས་བཟུང་། ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་བཟུང་དམག་ཁྱོན་ཆེ་བརྗེ་རེས་ཐེངས་མང་བྱས་ཡོད།