འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་26ཉིན།

༄༅།།ཟླ་བའི་གོ་ལ་ནས་བདེ་བླག་ངང་ཕྱིར་ལོག་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་26ཉིན། 13:59】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། 2024ལོའི་ཟླ་6ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་07ཐོག ཟླ་བའི་ལྷ་མོ་ཨང་6པའི་ཕྱིར་ལོག་ཡོ་བྱད་ནང་སོག་གི་སི་ཙི་ཝང་ཆི་ཡི་སྔོན་བཀོད་ས་ཁོངས་སུ་ཡང་དག་པའི་སྒོ་ནས་བབས་པ་དང་ལས་ཀ་རྒྱུན་ལྡན་ཡིན། དེས་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭའི་ཟླ་བའི་ལྷ་མོ་ཨང་6པའི་ལས་འགན་ཕུན་སུམ་ཚོགས་པོར་ལེགས་གྲུབ་བྱུང་བ་དང་། ཟླ་བའི་གོ་ལའི་རྒྱབ་ངོས་དཔེ་ལེན་བྱས་ཏེ་ཕྱིར་ལོག་ཐེངས་དང་པོ་ལེགས་འགྲུབ་བྱུང་བ་མཚོན་ཡོད།

   འཆར་གཞི་ལྟར་ན། ཕྱིར་ལོག་རྗེས་ཀྱི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ཕྱིར་ལོག་ཡོ་བྱད་དེ་དགོས་ངེས་ཀྱི་ས་ངོས་ཀྱི་ལས་དོན་ལེགས་གྲུབ་བྱུང་རྗེས། མཁའ་ཐོག་ནས་པེ་ཅིང་དུ་བསྐྱལ་ནས་དཔེ་མཚོན་སྣོད་ཆས་དང་དེ་བཞིན་བླུགས་དངོས་ཕྱིར་འདོན་རྒྱུ་ཡིན་པ་རེད། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་དུས་ཚོད་བདམས་ནས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྤེལ་ཏེ། ས་ངོས་ཉེར་སྤྱོད་མ་ལག་ལ་ཟླ་བའི་གོ་ལའི་དཔེ་མཚོན་དངོས་སུ་རྩིས་སྤྲོད་བྱས་ནས་རྗེས་མཐུད་དུ་དཔེ་མཚོན་གསོག་ཉར་དང་། དབྱེ་ཞིབ། ཞིབ་འཇུག་བཅས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་རྒྱུ་ཡིན་པ་རེད།