གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་26ཉིན། 13:42】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གསར་འགོད་པ་ཞིག་གིས་དྲིས་དོན། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་ཁེ་ལས་19བཀག་སྡོམ་བྱས་པ་དང་། ཡུག་རེན་དུ་ཉམས་ཉེན་བྱུང་རིང་ཁེ་ལས་དེ་དག་གིས་“ཨུ་རུ་སུའི་དམག་དོན་བཟོ་ལས་ཀྱི་ཕྱོགས་བསྡུས་སྒྲིག་གཞིར་རྒྱབ་སྐྱོར་བྱེད་ཀྱི་འདུག་”ཅེས་བཤད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ།
མའོ་ཉིང་གིས། འབྲེལ་ཡོད་གནས་ཚུལ་སྤེལ་བར་ང་ཚོ་དོ་སྣང་བྱུང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་ཆ་མ་སྤྲད་པར་ཕྱོགས་རྐྱང་པའི་བཀག་སྡོམ་ལ་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱས་ནས་ཡོ་རོབ་ཕྱོགས་ལ་འབྲེལ་གཏུག་ནན་པོར་བྱས་ཡོད། ཀྲུང་ཨུའི་ཁེ་ལས་ཀྱིས་རྒྱུན་གཏན་གྱི་འགྲོ་འོང་མཉམ་ལས་བྱེད་པ་དེ་ཕྱོགས་གསུམ་པར་དམིགས་པ་མིན་ལ། ཕྱོགས་གསུམ་པའི་འགལ་རྐྱེན་དང་ཤུགས་རྐྱེན་ཡང་ཕོག་མི་འོས། ང་ཚོས་ཡོ་རོབ་ཕྱོགས་ལ་བཀག་སྡོམ་ཕྱིར་འཐེན་དགོས་པའི་སྐུལ་མ་བཏང་བ་མ་ཟད། བྱེད་ཐབས་དགོས་ངེས་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།