འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་25ཉིན།

༄༅།།ཉིང་ཞ་དང་ཧྥུའུ་ཅན་ལག་གདང་སྦྲེལ་ནས་རིག་གནས་ཡུལ་སྐོར་དང་ཞིང་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་25ཉིན། 13:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ད་ཕན་ལོ་ཤས་རིང་། ཤིས་ཅི་རྫོང་གིས་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཆིང་གྲོང་ཁྱེར་གྱི་ཁ་གཏད་མཉམ་སྒྲུབ་ཀྱི་རོགས་རམ་འོག མིན་ཉིང་གྲོང་རྡལ་ཧྥུའུ་ཆིང་གྲོང་གསེབ་ཀྱི་ཁྱིམ་ཚང་མགྲོན་ཁང་ཚོགས་དང་། མིན་ཉིང་ས་ཕུག་གི་ཁྱིམ་ཚང་མགྲོན་ཁང་། མིན་ཉིང་སིལ་ཟས་ཁྲོམ་གཞུང་སོགས་ཁྱད་ལྡན་གྱི་རིག་གནས་དང་ཡུལ་སྐོར་བྱ་ཡུལ་བསྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་དང་ཞིང་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད། ཟླ་6ཚེས་22ཉིན་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀུའུ་ཡོན་གྲོང་ཁྱེར་ཤིས་ཅི་རྫོང་ཅིས་ཆང་གྲོང་རྡལ་ལུང་ཝང་པ་གྲོང་ཚོར་གྲོང་ཚོ་དང་། ནགས་ཚལ། སྐས་ཞིང་གི་མཛེས་ལྗོངས། ས་ཕུག་གི་ཁྱིམ་ཚང་མགྲོན་ཁང་སོགས་ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་གྱུར་ནས་དབྱར་དུས་གྲོང་གསེབ་ཡུལ་སྐོར་གྱི་མཛེས་ལྗོངས་ཤིག་ཆགས་ཡོད།