འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་25ཉིན།

༄༅།།རང་རྒྱལ་གྱི་མཚོ་ཐོག་རང་གཉེར་སྣུམ་ཞིང་ཆེ་ཤོས་ནས་རིམ་རྩིས་བརྒྱབ་ན་མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་དུང་ཕྱུར་1ཡན་ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་25ཉིན། 13:32】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིས་ཆ་འཕྲིན་སྤེལ་བར། རང་རྒྱལ་གྱི་མཚོ་ཐོག་རང་གཉེར་སྣུམ་ཞིང་ཆེ་ཤོས་ཏེ། སུའེ་ཀྲུང་36-1སྣུམ་ཞིང་ནས་རིམ་རྩིས་བརྒྱབ་ན་མ་བཅོས་རྡོ་སྣུམ་ཐོན་སྐྱེད་བྱེད་ཚད་ཏུན་དུང་ཕྱུར་1ཡན་ཟིན་ཏེ་རང་རྒྱལ་གྱི་མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་དུང་ཕྱུར་གཅིག་ལྷག་ཙམ་ཟིན་པའི་མཚོ་ཐོག་སྣུམ་ཞིང་ཐོག་མ་དེར་གྱུར་ཡོད་པ་རེད།

སུའེ་ཀྲུང་36-1སྣུམ་ཞིང་དེ་པོ་ཧའེ་མཚོ་ཁུག་གི་བྱང་རྒྱུད་དུ་གནས་ཤིང་1993ལོར་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། ཐོན་སྐྱེད་བྱེད་མང་བའི་སྐབས་སུ་ལོ་རེར་མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་ཁྲི་500ལྷག་ཙམ་ཟིན་པ་དང་། རིམ་རྩིས་བརྒྱབ་ན་ས་འོག་རྡོ་སྣུམ་གསོག་ཚད་ཏུན་དུང་ཕྱུར་3ཡན་རྩད་ཆོད་ཐུབ་ཡོད། མིག་སྔར་སྣུམ་ཞིང་དེར་མཚོ་ཐོག་ལས་སྟེགས་24དང་སྣུམ་ཁྲོན་54ཡོད་པ་ལས་ཉིན་རེར་མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་8900ཡན་ཟིན་ཞིང་། དེ་ནི་རང་རྒྱལ་གྱི་མ་བཅོས་རྡོ་སྣུམ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་པོ་ཧའེ་རྒྱ་མཚོའི་སྣུམ་ཞིང་གི་སྣུམ་ཞིང་གཙོ་བོ་ཞིག་རེད།(ཟླ་ཕུར་གྱིས་བསྒྱུར། པ་ཚེས་ཞུས)