གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་25ཉིན། 10:39】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཨུ་རུ་སུའི་རྒྱལ་སྲུང་པུས་ཡོངས་བསྒྲགས་བྱས་པའི་གནས་འཕྲིན་ལ་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་གྱི་མཚན་མོ་ནས་ཚེས་23ཉིན་གྱི་ཐོ་རེངས་བར། ཨུ་རུ་སུའི་དམག་དཔུང་གི་མཁའ་ཟོན་མ་ལག་གིས་པུའུ་ལེང་སི་ཁེ་མངའ་སྡེའི་མཁའ་དབྱིངས་སུ་ཡུག་རེན་དམག་དཔུང་གི་མི་མེད་གནམ་གྲུ་28དང་། སི་མོ་ལིན་སི་ཁེ་མངའ་སྡེའི་མཁའ་དབྱིངས་སུ་ཡུག་རེན་དམག་དཔུང་གི་མི་མེད་གནམ་གྲུ་2 ལི་ཕེ་ཚེ་ཁེ་མངའ་སྡེའི་མཁའ་དབྱིངས་སུ་མི་མེད་གནམ་གྲུ་2 ཐུའུ་ལ་མངའ་སྡེའི་མཁའ་དབྱིངས་སུ་ཡུག་རེན་དམག་དཔུང་གི་མི་མེད་གནམ་གྲུ་1བཅས་གཏོར་འདུག
ཨུ་རུ་སུ་ཕྱོགས་ཀྱི་ཤོད་སྟངས་ལྟར་ན། ད་ཆ་ཡུག་རེན་ཕྱོགས་ཀྱིས་ལན་བརྒྱབ་མེད།