འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་24ཉིན།

༄༅།།ཨ་རིའི་བྱ་སྤྱོད་འདི་ནི་ཆབ་སྲིད་ཀྱི་གཡོ་སྒྱུ་རེད་ཅེས་བསྟན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་24ཉིན། 14:15】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཨ་རིས་ཝུ་ཚུད་པའི་ཀྲུང་གོ་ནས་ཡོང་བའི་འགག་རྩའི་གཏེར་དངོས་ཐོན་ཁུངས་ཁག་ཅིག་ལ་ནང་འདྲེན་སྒོ་ཁྲལ་མང་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པར་དམིགས་ནས། ཚེས་20ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧོ་ཡ་ཏུང་གིས། ཨ་རི་ཕྱོགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་སྣང་མེད་དུ་བཞག་ནས། ཀྲུང་གོར་301གི་སྒོ་ཁྲལ་སོར་འཇོག་དང་མཐོ་རུ་བཏང་ནས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དང་མཚོན་ཆ་ཅན་དུ་སྒྱུར་བ་དེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དང་མི་མཐུན་ཞིང་། དེ་ནི་དཔེ་མཚོན་གྱི་ཆབ་སྲིད་གཡོ་སྒྱུ་ཞིག་རེད་ཅེས་ལན་བཏབ།

ཉིན་དེར་འཚོགས་པའི་ཚོང་དོན་པུའི་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཧོ་ཡ་ཏུང་གིས་ཟླ་5ཚེས་14ཉིན་ཨ་རི་ཕྱོགས་ཀྱིས་ཀྲུང་གོར་སྔར་ཡོད་ཀྱི་301གི་སྒོ་ཁྲལ་གྱི་རྨང་གཞིའི་ཐོག་ཀྲུང་གོ་ནས་ནང་འདྲེན་བྱས་པའི་གློག་སྒུལ་རླངས་འཁོར་དང་། ལིས་གློག་སྨན། འོད་ཤུགས་གློག་སྨན། འགག་རྩའི་གཏེར་རྫས་སོགས་ཐོན་རྫས་ལ་སྒོ་ཁྲལ་སྣོན་བསྡུ་བྱ་རྒྱུ་སྔར་ལས་མཐོ་རུ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་མ་ཟད་འབྲེལ་གཏུག་ནན་མོ་ཡང་བྱས་ཡོད། ཨ་རི་ཕྱོགས་ཀྱིས་འཕྲལ་མར་ནོར་འཁྲུལ་གྱི་བྱེད་སྟངས་ཡོ་བསྲང་བྱས་ནས། ཀྲུང་གོར་སྒོ་ཁྲལ་སྣོན་བསྡུའི་བྱེད་ཐབས་མེད་པར་བཟོ་དགོས་ཞེས་བཤད་པ་རེད།