འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་24ཉིན།

“སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན” གྱི་མཉམ་འབྲེལ་བཅར་འདྲིའི་ཟིན་ཐོ།

༄༅།།ཀྲུང་ཐའི་སྨྱན་སྦྱོར་གྱིས“སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན”གྱི་མཉམ་འབྲེལ་བཅར་འདྲི་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་24ཉིན། 14:02】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་དུ་ཤང་པེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མི་དམངས་ཉིན་རེའི་ཚགས་པར་དང་ཐ་ཇིག་སི་ཐན་སྨྱན་སྦྱོར་གྱི“སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན”གྱི་མཉམ་འབྲེལ་བཅར་འདྲི་ཐ་ཇིག་སི་ཐན་གྱི་རྒྱལ་ས་དུ་ཤང་པེར་སྤེལ་འགོ་ཚུགས་པ་དེ་ནི་ཀྲུང་ཐ་རྒྱལ་ཁབ་གཉིས་ཀྱི་སྨྱན་སྦྱོར་གྱིས“སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན”གྱི་མཉམ་འབྲེལ་བཅར་འདྲི་ཐ་ཇིག་སི་ཐན་དུ་སྤེལ་ཐེངས་དང་པོ་ཡིན་པ་རེད།

    མཉམ་འབྲེལ་བཅར་འདྲི་བྱེད་རིང་མི་དམངས་ཉིན་རེའི་ཚགས་པར་དང་། ཐ་ཇིག་སི་ཐན་གྱི“ཧོ་ཝར”རྒྱལ་ཁབ་གསར་འགྱུར་ཁང་། 《Asia-plus》ཚགས་པར་སོགས་ཐ་ཇིག་སི་ཐན་གྱི་གཙོ་རྒྱུན་སྨྱན་སྦྱོར་གྱིས་ཐུན་མོང་ཐོག“བདེ་ཐང་མགྱོགས་འཁོར་ཐ་ཇིག་སི་ཐན་གྱི་འོད་ཟེར་བྱ་སྤྱོད”དང་། ཐ་ཇིག་སི་ཐན་མི་རིགས་སློབ་ཆེན་ཁུང་ཙི་སློབ་གླིང་། ཐ་ཇིག་སི་ཐན་ལུའུ་པན་བཟོ་ཁང་སོགས་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་མཛའ་གྲོགས་མཉམ་ལས་རྣམ་གྲངས་ལ་བཅར་འདྲི་བྱས་པ་རེད།

    ཐ་ཇིག་སི་ཐན་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་རྒྱབ་སྐྱོར་བྱེད་སྔ་ཤོས་དང་ཀྲུང་གོ་ཕྱོགས་དང་མཉམ་སྐྲུན་མཉམ་ལས་ཀྱི་ཡིག་ཆར་མིང་རྟགས་བཀོད་མཁན་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པས། ཐ་ཇིག་སི་ཐན་གྱི“2030ལོའི་གོང་གི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས”དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་ཕྱོགས་གཉིས་པོས་མི་རབས་ནས་མི་རབས་བར་མཛའ་གྲོགས་དང་། སྐྱིད་སྡུག་མཉམ་མྱོང་། གཉིས་ཕན་གཉིས་ཁེ་བཅས་ཀྱི་ཀྲུང་ཐའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲི་བྱེད་རིང་ཀྲུང་ཐའི་སྨྱན་སྦྱོར་གསར་འགོད་པས་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་མི་དམངས་དབར་གྱི་མཛའ་གྲོགས་ཉིན་བཞིན་ཟབ་ཏུ་ཕྱིན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་རྒྱུ་རེད།