འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་20ཉིན།

༄༅།།ཨ་རིའི་འཇིག་རྟེན་འཕུར་གྲུ་འདི་ཕྱིར་ལོག་གི་དུས་ཚོད་ནར་འགྱངས་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་20ཉིན། 14:05】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་18ཉིན། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཧའེ་རླངས་ཤོར་བ་དང་འཕུར་འདེད་འཕྲུལ་ཆས་ཀྱི་གནད་དོན་དབང་གིས་ཨ་རིའི་རྒྱལ་ཁབ་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཅུས་དང་པོའོ་དབྱིན་ཀུང་སིས་“སྐར་མཚམས་འགྲུལ་སྐྱེལ་འཕུར་གྲུ་”འབབ་པའི་དུས་ཚོད་དེ་ཟླ་6ཚེས་26ཉིན་བར་ནར་འགྱངས་བྱས་ནས། གཞི་གྲངས་ལ་ལྟ་བའི་དུས་ཚོད་དེ་བས་མང་པོ་ཡོང་པར་བྱས་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། “སྐར་མཚམས་འགྲུལ་སྐྱེལ་འཕུར་གྲུ་”ད་ཆ་ཨ་རིའི་ཤར་རྒྱུད་དུས་ཚོད་ཟླ་6ཚེས་26ཉིན་གྱི་ཆུ་ཚོད་4དང་སྐར་མ་51ཐོག་མོ་ཞི་ཁོ་ཁུལ་གསར་གྱི་པའེ་ཧྲ་བར་སྣང་གྲུ་ཁར་འབབ་རྒྱུའི་གཏན་འཁེལ་བྱས་ཡོད་པ་རེད།