འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་20ཉིན།

༄༅།།ཨ་རི་བས་ཞལ་འདེབས་ཕུལ་བའི་ཆིང་རྒྱལ་རབས་ཀྱི་ལྭ་རིང་ཞིག་རྟེན་མཛོད་ཁང་འདི་ལ་སྤྲད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་20ཉིན། 13:59】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་6ཚེས་19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཨ་རིའི་སྤྱི་དམངས་ཀྱིས་ཞལ་འདེབས་བརྒྱབ་པའི་ཆིང་རྒྱལ་རབས་ཀྱི་ལྭ་བ་དང་གྱོན་ཆས་ཀྱི་རིག་དངོས་དང་ལེན་བྱས་པ་དང་ཉར་ཚགས་མཛད་སྒོ་ཧྲན་ཏུང་སློབ་ཆེན་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ།

   1901ལོར། ཨ་རིའི་ཆོས་སྤེལ་མཁན་ཧོ་ཧྲི་(Watson McMillan Hayes)ཧྲན་ཏུང་ཞིང་ཆེན་ས་གནས་དཔོན་རིགས་ཀྱི་གདན་ཞུས་ལྟར། ཧྲན་ཏུང་སློབ་གྲྭ་ཆེན་མོ(སྔ་དུས་ཀྱི་ཧྲན་ཏུང་སློབ་ཆེན་གྱི་སྔོན་མ)བཙུགས་པའི་ནང་ཞུགས་ནས་སློབ་གྲྭ་དེའི་སྤྱིའི་སློབ་སྦྱོང་གི་འགན་འཁུར། ལྭ་བ་དེ་ཧོ་ཧྲི་སྐུ་འཚོ་བཞུགས་སྐབས་བེད་སྤྱོད་བྱས་པ་དང་། རྗེས་སུ་ཁྱིམ་རྒྱུད་དེས་ཉར་ཚགས་བྱས་པ་ཞིག་ཡིན་འདུག ཉེ་དུས། ཧོ་ཧྲིའི་ཚ་བོ་ཨ་རིའི་སྤྱི་དམངས་པའོ་ལུའོ·ཧོ་ལི་སི་ཐེ(Paul Hollister)ཡིས་རྒྱལ་ཁབ་རིག་དངོས་ཅུས་ལ་ཞལ་འདེབས་འབུལ་འདོད་བསྟན་པ་དང་འབྲེལ་ཧྲན་ཏུང་སློབ་ཆེན་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱ་རྒྱུར་སྤྲོད་པའི་རེ་བ་ཡང་བཏོན་པ་རེད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཞལ་འདེབས་འབུལ་མཁན་གྱི་འདོད་མོས་ལྟར་ཧྲན་ཏུང་སློབ་ཆེན་རྟེན་རྫས་བཤམས་མཛོད་ཁང་དུ་ཡུན་རིང་པོར་ཉར་ཚགས་བྱ་རྒྱུར་གཏོང་སྤྲོད་བྱས་པ་རེད།