འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་20ཉིན།

༄༅།།འདི་རུ་རླངས་འཁོར་བསྐྱོད་མི་ཆོག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་20ཉིན། 13:43】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་བ་ཚོར་ཞུ་རྒྱུར།

རང་བྱུང་གནོད་འཚེ་འདམ་རྡོའི་ཆུ་རུད་དང་རྡོ་ལྷུངས་པའི་ཤུགས་རྐྱེན་ཐེབས་ནས། རྒྱལ་ལམ་559ལམ་K384+350ཡི་འགྲོ་ལམ་ཆད་ནས་རླངས་འཁོར་འགྲོ་སྐྱོད་བྱེད་པར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་བཟོས་ཡོད། ད་ལྟ་འགྲོ་སྐྱོད་བྱེད་པའི་ཆ་རྐྱེན་འཛོམས་མེད་པས་རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་བ་ཚོའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱས་ཏེ། འགྲོ་ལམ་གྱི་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཆེན་པོ་མི་ཐོན་པ་བྱ་ཆེད། ཞིབ་འཇུག་བྱས་པ་བརྒྱུད། 2024ལོའི་ཟླ་6ཚེས་19ཉིན་སྤྱི་བསྒྲགས་སྤེལ་ཉིན་ནས་བཟུང་། སྤོ་མེས་རྫོང་གི་ཁྲབ་རྨོག་གྲོང་རྡལ་ནས་མེ་ཏོག་རྫོང་གི་མེ་ཏོག་གྲོང་རྡལ་བར་གྱི་གཞུང་ལམ་ལ་གནས་སྐབས་འགྲིམ་འགྲུལ་དོ་དམ་བྱེད་ཐབས་ལག་བསྟར་བྱ་རྒྱུ་དང་། དོ་དམ་བྱེད་རིང་རླངས་འཁོར་གང་ཡིན་རུང་དེར་བསྐྱོད་མི་ཆོག་པའི་གཏན་འབེབས་བྱས་པ་རེད།

མིག་སྔར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་བསྟུན་འགན་ལེན་ལྟེ་གནས་ཀྱིས་ནུས་ཤུགས་ཡོད་རྒུས་ཤར་གཏོང་འགན་ལེན་ལས་དོན་སྤེལ་བཞིན་ཡོད་པས། རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པ་རྣམས་ཀྱིས་འགྲོ་སྐྱོད་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་རོགས། འགྲིམ་འགྲུལ་དོ་དམ་མེད་པར་བཟོ་བའི་དུས་ཚོད་ལོགས་སུ་གཏན་འཁེལ་བྱ་རྒྱུ།