འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་19ཉིན།

༄༅།།ཉེས་ཅན་འདི་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་19ཉིན། 16:15】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཚེས་19ཉིན་གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་སྤྱི་བདེ་པུས་ལིའོ་ཉིང་ཞིང་ཆེན་སྤྱི་བདེ་ལས་ཁུངས་བཀོད་སྒྲིག་བྱས་ནས། ཨ་རི་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བའི་ཐུང་ཆེ་གེ་མོའི་དུག་འབྲེལ་བཙོག་དངུལ་གཙང་སྒྱུར་གྱི་ཁུངས་སྣེ་ལ་ལས་དོན་སྤེལ་ཏེ། ཁྲིམས་ལྟར་ཁྲིམས་འགལ་གཉེར་སྐྱོང་(ཕྱི་དངུལ།)གི་ཉེས་གསོག་དོགས་གཞི་ཡོད་པའི་ཐོག་ནས་གྱོད་དོན་ཐོ་འགོད་དང་མྱུལ་ཞིབ་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། 2017ལོ་ནས་བཟུང་། ཐུང་ཆེ་གེ་མོ་སོགས་ཀྱིས་ཨ་རིར་རླངས་འཁོར་ཚོང་ཁང་ཕྱེ་ནས་རླངས་འཁོར་ཕྱིར་ཚོང་བྱེད་པ་མ་ཟད། རླངས་འཁོར་ཉོ་མཁན་ལ་མི་དམངས་ཤོག་སྒོར་དང་ཨ་སྒོར་བརྗེ་སྒྱུར་གྱི་ཞབས་ཞུ་མཁོ་འདོན་བྱས་ཤིང་། ཕྱིས་སུ་ཆེད་དུ་ཁྲིམས་འགལ་ཉོ་ཚོང་དང་ཕྱི་དངུལ་བརྗེ་བ་སོགས་ཀྱི་ཉེས་གསོག་བྱེད་སྒོར་བསྒྱུར་ཡོད། དོགས་ཡོད་ཉེས་ཅན་དེ་སྤྱི་བདེ་ལས་ཁུངས་ཀྱིས་བཟུང་ཡོད་པ་དང་། གྱོད་གཞི་དེ་མྱུལ་ཞིབ་བྱེད་སྒང་ཡིན། གྱོད་གཞི་འདི་ནི་ཉེ་དུས་ཀྲུང་གོ་དང་ཨ་རིའི་དུག་འགོག་མཉམ་ལས་ཐད་གྲུབ་འབྲས་ཐོབ་པའི་གྱོད་དཔེ་ཞིག་རེད།