གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་19ཉིན། 16:11】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་18ཉིན། ཨ་རིའི་ནོར་སྲིད་པུའི་ཕྱི་རྒྱལ་རྒྱུ་ནོར་ཚོད་འཛིན་གཞུང་དོན་ཁང་(OFAC)གིས་པོ་ཧེ་སའེ་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏུའོ་ཏི་ཁེ་དང་། ཁོང་གི་ནང་མིར་ཡོང་འབབ་ཡོང་ཁུངས་གཙོ་བོ་མཁོ་འདོན་བྱེད་མཁན་ཀུང་སིའི་དྲ་རྒྱ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དྲ་རྒྱ་དེ་སྒེར་པ་གཉིས་དང་དངོས་ཚན་བདུན་ལས་གྲུབ་པ་ཞིག་རེད།
༄༅།།ཨ་རིས་རྒྱལ་ཁབ་འདིར་མཚོན་ཆ་བཙོང་རྒྱུ་རེད།
ཨ་རིའི་སྨྱན་སྦྱོར་གྱིས་ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་17ཉིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཨ་རིའི་རྒྱལ་ཚོགས་ཀྱི་འགག་རྩའི་དམངས་གཙོ་ཏང་མི་གཉིས་ཏེ་གྲོས་ཁང་འོག་མའི་གྲོས་མི་ཀེ་ལེ་ཀེ་ལི· སྨི་ཁེ་སི་དང་གྲོས་ཁང་གོང་མའི་ཕྱི་འབྲེལ་འབྲེལ་བའི་ཨུ་ལྷན་གྱི་ཀྲུའུ་ཞི་པིན་ཅེ་མིན·ཁ་ཏིང་གིས་ “པའེ་ཏེང་སྲིད་གཞུང་གི་གནོན་ཤུགས་དྲག་པོའི་འོག”རིན་གོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་180ཟིན་པའི་དབྱི་སི་རལ་ལ་དམག་དོན་མཚོན་ཆ་བཙོང་རྒྱུའི་གྲོས་མཐུན་ཞིག་བཞག་ཟིན། དེའི་ནང་ F-15དམག་འཐབ་གནམ་གྲུ་50ཚུད་ཡོད་པ་རེད།
དབྱི་སི་རལ་གྱི་སྨྱན་སྦྱོར་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། གཟའ་འཁོར་གོང་མར་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས་དབྱི་སི་རལ་ལ་འཚམས་འདྲི་གནང་རིང་། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་ཨ་རིས་དུས་ཐུང་ནང་དབྱི་སི་རལ་ལ་མཚོན་ཆ་མཁོ་འདོན་གྱི་ཚོད་འཛིན་ཚང་མ་མེད་པར་བཟོ་རྒྱུའི་ཁས་ལེན་བྱས་ཡོད།