འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་19ཉིན།

༄༅།།ཨུ་རུ་སུའི་དམག་གྲུ་འདི་ནས་བྲལ་བ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་18ཉིན། 14:38】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་གྱི་ཕྱི་དྲོར། དམག་གྲུ་གསུམ་དང་ཉིང་རྡུལ་ཆུར་འཛུལ་དམག་གྲུ་གཅིག་ལས་གྲུབ་པའི་ཨུ་རུ་སུའི་མཚོ་དམག་དམག་གྲུ་རུ་ཁག་གིས་ཁུ་པར་འཚམས་འདྲི་མཇུག་སྒྲིལ་ནས་ཧ་ཝ་ན་གྲུ་ཁ་ནས་བྲལ་བ་རེད།

   ཁུ་པའི་གསར་བརྗེའི་དྲག་ཆས་སྟོབས་ཤུགས་པུའུ་ཡིས་དྲ་ཐོག་ཏུ་སྤེལ་དོན། དེ་ནི་གྲུབ་འབྲས་ཕུན་སུམ་ཚོགས་པའི་མཛའ་གྲོགས་ཐུག་འཕྲད་ཅིག་རེད། འཚམས་འདྲི་བྱས་རིང་། ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི-ཁ་ནེའར་གྱིས“ཀོར་ཧྲི་ཁོ་ཧྥུའུ་མཚོ་དམག་ཧྲང་ཅང་དམག་དཔོན་”རྟགས་ཅན་གྱི་སྲུང་སྐྱོབ་དམག་གྲུའི་ནང་རོལ་དང“ཁ་ཧྲན”རྟགས་ཅན་གྱི་ཉིང་རྡུལ་ཆུར་འཛུལ་དམག་གྲུའི་གྲུ་གཅལ་ལ་ལྟ་སྐོར་བྱས་པ་དང་། ཁུ་པའི་གསར་བརྗེའི་དྲག་ཆས་སྟོབས་ཤུགས་པུའི་དམག་དོན་སློབ་གྲྭའི་སློབ་མ་དང་ཁུ་པའི་མང་ཚོགས་ཀྱིས་ཀྱང་སྲུང་སྐྱོབ་དམག་གྲུ་ལ་ལྟ་སྐོར་བྱས་པ་རེད།