འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་19ཉིན།

༄༅།།ཡུག་རེན་གྱི་གནད་དོན་“ཞི་བདེའི་དབུ་ཚོགས་”ཐད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་18ཉིན། 14:35】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་6ཚེས་17ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

   ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཡུག་རེན་གྱི་གནད་དོན་“ཞི་བདེའི་དབུ་ཚོགས་”ཀྱི་སྐོར་ལ་དྲི་བ་བཏོན་པ་དང་། མགྲིན་ཚབ་པ་ལིན་ཅན་གྱིས་ཡུག་རེན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་སྔ་ཕྱི་བར་གསུམ་དུ་ཁ་གསལ་ཡིན་པ་དང་། ཀྲུང་གོ་ཕྱོགས་ད་ཐེངས་ཀྱི་ཞི་བདེའི་དབུ་ཚོགས་ལ་ཞུགས་མེད་པས་ཚོགས་འདུའི་མཉམ་འབྲེལ་སྤྱི་བསྒྲགས་ལ་དཔྱད་གཏམ་མི་སྤེལ་ཞེས་བཤད།