འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་17ཉིན།

༄༅།།ནུབ་རླངས་ཤར་འདྲེན་གྱིས་འབྲི་ཆུའི་ཟུར་གསུམ་ཁུལ་ལ་རང་བྱུང་སོལ་རླངས་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་5000ལྷག་ཙམ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་17ཉིན། 14:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་14ཉིན་གསར་འགོད་པར་རྒྱལ་ཁབ་མདོང་དྲ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་མ་ལག་གིས་འབྲི་ཆུའི་ཟུར་གསུམ་ཁུལ་ལ་རང་བྱུང་སོལ་རླངས་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་5000ལྷག་ཙམ་བཏང་བ་དེས་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་6.45ཡི་ཚབ་བྱས་པ་དང་དབྱང་གཉིས་མུ་ཟི་ཏུན་ཁྲི་1272དང་། ཐལ་རྡུལ་ཏུན་དུང་ཕྱུར་3.62 དབྱང་གཉིས་ཐཱན་འགྱུར་ཏུན་དུང་ཕྱུར་7.31བཅས་ཀྱི་འབུད་ཚད་ཉུང་དུ་གཏོང་ཐུབ་ཡོད།

ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་མ་ལག་ནང་ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཚུད་ཡོད་ཅིང་སྤྱིའི་རིང་ཚད་ལ་སྤྱི་ལེ་ཁྲི་2ཟིན་ཡོད། རང་རྒྱལ་གྱི་རང་བྱུང་སོལ་རླངས་མདོང་དྲ་ཨ་མར་ཐེངས་གཅིག་ལ་སོལ་རླངས་དྲ་འཇུག་བྱེད་ཚད་ལོ་ལྟར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་2200ལྷག་ཙམ་ཟིན་པ་དང་། ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་མ་ལག་གིས་སོལ་རླངས་གཏོང་ཚད་50%ཙམ་བཟུང་ནས་རྒྱལ་ཐོན་སོལ་རླངས་ཐོན་ཁུངས་གསར་སྤེལ་དང་། ནང་འདྲེན་སོལ་རླངས་དྲ་འཇུག་བྱེད་ཚད་མང་དུ་གཏོང་བ། སྨད་རྒྱུད་ཀྱི་ནུས་རྒྱུ་གཙང་མ་བེད་སྤྱོད་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་མ་ལག་དེ་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་30བརྒྱུད་ཡོད་པ་དང་། སོལ་རླངས་མཁོ་འདོན་བྱེད་ཚད་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རང་བྱུང་སོལ་རླངས་འཛད་སྤྱོད་བསྡོམས་འབོར་གྱི་3/4ཙམ་ཟིན་ནས་མི་འབོར་དུང་ཕྱུར་2ལྷག་ཙམ་ལ་ཕན་པ་ཐོབ་ཡོད། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་རྒྱལ་ཁབ་མདོང་དྲ་ཚོགས་པས་མདོང་དྲའི་མཉམ་སྦྲེལ་མཉམ་མཐུད་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། སྣུམ་རླངས་མདོང་ལམ་དྲ་བ་སྐྲུན་པ་དང་རྒྱ་ཆེར་གཏོང་བའི་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ནུས་རྒྱུ་འགན་ལེན་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། བདེ་དབང་གིས་ཞུས)