གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་17ཉིན། 14:20】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྐོར་ལམ་མྱུར་བགྲོད་མེ་འཁོར་ནན་ཅིང་ཏཱ་ཧྲེང་ཀོན་འབྲི་ཆུའི་ཟམ་ཆེན་སྒྲོལ་བཞིན་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་འབྲེལ་མཐུད་བྱེད་པའི་སྐོར་ལམ་མྱུར་བགྲོད་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་པ་དང“ལྕགས་ལམ་སྟེང་གི་འབྲི་ཆུའི་ཟུར་གསུམ་ཁུལ”དུ“བར་ཁྱམས”གསར་པ་ཞིག་མང་དུ་ཕྱིན་པ་རེད། ད་ཐེངས་ཤར་གཏོང་ཐུབ་པའི་ཧྲང་ཧའེ་ནས་ཧྲང་ཧའེ་ཧུང་ཆའོ་བར་གྱི་སྐོར་ལམ་མྱུར་བགྲོད་མེ་འཁོར་གྱི་ཕྱོགས་རྐྱང་པའི་ལམ་ཚད་སྤྱི་ལེ་1200ལས་བརྒལ་བ་དང་། ལམ་བར་དུ་བབས་ཚུགས་19ཡོད་པ། ལམ་ཐིག་ཧྲིལ་པོར་ཆུ་ཚོད་8དང་སྐར་མ་9འགོར་གྱི་ཡོད། སྐོར་ལམ་མྱུར་བགྲོད་ལྕགས་ལམ་གྱིས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལམ་དྲའི་ལེགས་ཆ་མངོན་པར་བྱས་ནས་མང་ཚོགས་ཀྱི་འགྲུལ་བཞུད་དགོས་མཁོ་དེ་བས་ལེགས་པ་སྐོང་ཐུབ་པ་དང་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད།