འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་17ཉིན།

༄༅།།ཟླ་བ་དང་པོ་ནས་ལྔ་པའི་བར་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚད་དང་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་30%ལྷག་ཙམ་འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་17ཉིན། 14:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱི་རླངས་འཁོར་ཐོན་ཚད་དང་ཕྱིར་ཚོང་བྱེད་ཚད་ཁྲི་1138.4དང་ཁྲི་1149.6སོ་སོར་ཟིན་པ་དེ་དུས་མཚུངས་ལས་6.5%དང་8.3%སོ་སོར་འཕར་ཏེ་རླངས་འཁོར་ཐོན་ཚད་དང་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚད་དང་ཕྱིར་ཚོང་བྱེད་ཚད་མགྱོགས་མྱུར་འཕར་བའི་རྣམ་པ་མུ་མཐུད་མངོན་ཞིང་། ཟླ་བ་དང་པོ་ནས་ལྔ་པ་བར། ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་392.6དང་ཁྲི་389.5སོ་སོར་ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་30.7%དང་32.5%སོ་སོར་འཕར་ཏེ་ཁྲོམ་ར་བཟུང་ཚད་33.9%ཟིན་ཡོད།

ཟླ་བ་ལྔ་པར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་སྲོལ་རྒྱུན་གྱི་སྣུམ་སྒུལ་རླངས་འཁོར་གྱི་ཚབ་བྱེད་ཚད་མུ་མཐུད་འཕར་ཏེ་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚད་དང་ཕྱིར་ཚོང་བྱེད་ཚད་ཁྲི་94དང་ཁྲི་95.5སོ་སོར་ཟིན་ཏེ་དུས་མཚུངས་ལས་31.9%དང་33.3%སོ་སོར་འཕར་ནས་ཁྲོམ་ར་བཟུང་ཚད་ཟླ་བ་བཞི་པར་36%ཟིན་རྗེས་སླར་ཡང་39.5%བར་འཕར་ཡོད།