འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་14ཉིན།

༄༅།།ནུབ་ཕྱོགས་ཀྱིས་ཨུ་རུ་སུའི་རྡོ་སྣུམ་རིན་གོང་ཚད་བཀག་བྱས་པར་གཅུན་སྡོམ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་14ཉིན། 13:26】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཚེས་13ཉིན། ཨུ་རུ་སུའི་བཅའ་ཁྲིམས་ཆ་འཕྲིན་གཙོ་ཆེའི་དྲ་ཚུགས་སུ་ཁྱབ་བསྒྲགས་བྱས་པའི་ཡིག་ཆར་གཞིགས་ན། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སུའི་རྡོ་སྣུམ་དང་རྡོ་སྣུམ་ཐོན་རྫས་ཀྱི་རིན་གོང་ཚད་བཀག་ལག་བསྟར་བྱས་པར་དམིགས་ནས་བཟོས་པའི་དམིགས་བསལ་དཔལ་འབྱོར་བྱེད་ཐབས་དེ་2024ལོའི་ཟླ་12ཚེས་31ཉིན་བར་ནར་འགྱངས་བྱ་རྒྱུའི་བཀའ་རྒྱར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མིང་རྟགས་བཀོད་ཡོད་པ་རེད།

    བཀའ་ཁྲིམས་དེ་2023ལོའི་ཟླ་2ཚེས་1ཉིན་གོ་ཆོད་པ་ནས་བཟུང་། བྱ་ཐབས་གོ་ཆོད་ཡུན་ཐེངས་མང་རིང་དུ་བཏང་ཡོད་པ་རེད། བཀའ་ཁྲིམས་ནང་མཁོ་སྤྲོད་ཀྱི་གན་རྒྱར་ཐད་ཀར་རམ་གཞན་བརྒྱུད་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བཟོས་པའི་རིན་གོང་མཐོ་ཤོས་སྤྱད་ཚེ་ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུའི་རྡོ་སྣུམ་དང་རྡོ་སྣུམ་ཐོན་རྫས་མཁོ་སྤྲོད་བྱ་རྒྱུ་གཏན་འགོག་བྱ་རྒྱུ་དང་། བཀག་རྒྱ་དེ་ཉོ་མཁན་ལ་མ་སྐྱེལ་གོང་གི་མཁོ་སྤྲོད་དུས་མཚམས་ཚང་མར་སྤྱོད་རྒྱུར་འཚམ་པའི་གཏན་འབེབས་བྱས་ཡོད་པ་རེད།