མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།>>གསར་འགྱུར་ཕྱོགས་བསྡུས།

༄༅།།བྱམས་པ་བཀྲ་ཤིས་ཀྱིས་སྔོ་ལྗང་ཅན་གྱི་འདུ་ཤེས་ལག་ལེན་བསྟར་ནས་གཏེར་འཚོལ་གསོར་
འབིགས་རྩད་ཞིབ་བྱ་དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་22ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་བོད་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུས་ས་གཤིས་རུ་ཆེན་དྲུག་པའི་ལས་སྒྲུབ་པུའུ་ཡི་སྤྱི་གཉེར་གཞོན་པ་བྱམས་པ་བཀྲ་ཤིས་ཀྱིས“ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ‘མི་དང་རང་བྱུང་ཁམས་ནི་སྲོག་རྩའི་ཚོགས་སྡེ་ཞིག་ཡིན་པས། མིའི་རིགས་ཀྱིས་ངེས་པར་དུ་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་ཐབས། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱ་དགོས’ཞེས་བསྟན་ཡོད། དེས་ང་ཚོའི་ས་གཤིས་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་བ་རེད། ཚོགས་འདུ་གྲོལ་རྗེས་ངས‘འདུ་ཤེས་བཞི’སྔར་ལས་བརྟན་པོར་བཙུགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བཟུང་སྟེ་ལས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དྲིལ་བསྒྲགས་དང་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུར་དམ་འཛིན་ཡག་པོ་ཏན་ཏིག་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།
         འཐུས་མི་བྱམས་པ་བཀྲ་ཤིས་ནི་བོད་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུས་ས་གཤིས་རུ་ཆེན་དྲུག་པའི་གསོར་འབིགས་རྩད་ཞིབ་བཟོ་པ་ཞིག་ཡིན་མྱོང་། ཁོང་གིས་ལོ་ལྔའི་རིང་ལ་བོད་ལྗོངས་ཀྱི་ས་གཤིས་རྩད་ཞིབ་མི་སྣ་རྣམས་ཀྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“གཟི་བརྗིད་གསུམ”གྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ས་གཤིས་ཐོན་ལས་གཙོ་བོར་རྐང་པ་བཙུགས་པ་དང་གནས་ངེས་བྱས་ཏེ་ཚན་རིག་དང་མཐུན་ཞིང་རིམ་ལྡན་གྱི་སྒོ་ནས་ས་གཤིས་རྩད་ཞིབ་བྱ་གཞག་འཕེལ་རྒྱས་ཆེན་པོ་འགྲོ་བར་སྐུལ་སྤེལ་བཏང་བ་དང་། ལས་བཟོ་པའི་འཚོ་བའི་ཆུ་ཚད་དང་། རིག་གནས་འཚོ་བ། གནས་སྡོད་ཁོར་ཡུག་བཅས་ཚང་མར་ངོ་བོ་ལྡན་པའི་འཕུར་སྐྱོད་མངོན་འགྱུར་བྱུང་བ་རེད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་སྔར་ལས་བརྩི་བཀུར་ཆེན་པོ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་བྱ་གཞག་ལ་བློ་གདེང་སྔར་ལས་ཆེན་པོ་དང་། མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་བྱེད་ཤུགས་ཆེར་གཏོང་སྔར་ལས་བརྟན་པོ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
             འཐུས་མི་བྱམས་པ་བཀྲ་ཤིས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྟོན་དང་སྒུལ་ཤུགས་སུ་འཛིན་པ་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་དོན་དུ་གཏེར་འཚོལ་གསོར་འབིགས་རྩད་ཞིབ་བྱ་རྒྱུ་རང་འཁྲིའི་ལས་འགན་དུ་ཁུར་ནས་སྔོ་ལྗང་ཅན་གྱི་འདུ་ཤེས་ལག་ལེན་བསྟར་བ་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་སྟེ་སྔོ་ལྗང་བརྟན་སྲུང་གིས་རྩད་ཞིབ་བྱེད་ལམ་དུ་བསྐྱོད་དགོས་པ་དང་། སྲུང་སྐྱོང་བྱེད་བཞིན་དུ་རྩད་ཞིབ་བྱ་རྒྱུ་དང་། རྩད་ཞིབ་བྱེད་བཞིན་དུ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ལ་ཐོན་ཁུངས་གང་ཡོད་གསལ་རྟོགས་བྱ་རྒྱུར་གཞོལ་དགོས་ཤིང་། མེས་རྒྱལ་ལ་དགོས་གལ་ཆེ་བའི་གཏེར་རིའི་གསེབ་ཏུ་གཏེར་འཚོལ་རྩད་ཞིབ་བྱེད་པར་བསྐྱོད་དེ་ས་གཤིས་ལས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་ཞབས་འདེགས་ཞུ་བའི་རང་འགུལ་རང་བཞིན་དང་རང་སྟོབས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཕྱིར་ས་གཤིས་རྩད་ཞིབ་མི་སྣས་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།