འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་18ཉིན།

ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་པ་ལས་བོད་ལྗོངས་ཀྱི་སྐོར་གཡེང་གི་ལེ་ཚན་6པ།

༄༅།།བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གདོང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོའི་སུར་པན་ཕ་ཡུལ་
དུ་ཤེས་དཔལ་དར་ཁྱབ་བྱུང་།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་18ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
 

      བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གདོང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོའི་སུར་པན་ཕ་ཡུལ་དུ་ཤེས་དཔལ་དར་ཁྱབ་བྱུང་།
   བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གདོང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོར་བསྐྱོད་པ་ན། གྲོང་ལམ་རྒྱ་ཆེ་ལ་གཙང་སྦྲ་དོད་པ་དང་། ཞིང་པའི་སྒོ་ར་གྲལ་སྟར་འགྲིག་ལ། ཁང་པའི་རྒྱབ་མདུན་སྔོ་ལྗང་གིས་ཁེངས་ཤིང་། གྲོང་ཚོའི་རིག་གནས་ཁང་གི་གྱང་ངོས་སུ་“མཛེས་སྡུག་ལྡན་པའི་དཀྲོགས་གྲོང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཞེས་བྲིས་པ་མངོན་པར་གསལ། 
ཉེ་བའི་ལོ་ཤས་རིང་། དཀྲོགས་གྲོང་ཚོས་ཞིང་འབྲོག་གི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དམངས་འཚོའི་དགོས་མཁོ་ཤེས་དཔལ་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་བསམ་པའི་དཔལ་ཡོན་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་མི་ཚོ་བདེ་སྐྱིད་ཀྱི་འཚོ་བ་ལོངས་སྤྱོད་ཐུབ་པར་བྱས་པས། སྔ་རྗེས་སུ་“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་”དང་“རྒྱལ་ཡོངས་ཀྱི་སྤྱོད་བཟང་ཞིང་པའི་དཔེ་སྟོན་ས་ཚིགས།” “རང་སྐྱོང་ལྗོངས་ཤེས་དཔལ་གྲོང་ཚོ།” “བཟང་པོ་ལྔ་དང་ཡ་རབས་ཁྱིམ་ཚང་གི་དཔེ་སྟོན་གྲོང་ཚོ་”སོགས་ཀྱི་མཚན་སྙན་ཐོབ་པ་རེད། 
   བསམ་པའི་དཔལ་ཡོན་ཐད་དཀྲོགས་གྲོང་ཚོས་མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་རྒྱུར་རྩེ་གཅིག་ཏུ་དམིགས་ནས་“ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་དོན་དག་གླེང་བ་”བརྒྱུད་མང་ཚོགས་ལ་གོམས་གཤིས་བཟང་པོ་འཇགས་རྒྱུ་དང་དར་སྲོལ་བཟང་པོ་ཞིག་ཆགས་རྒྱུའི་གཏིང་གི་སྒུལ་ཤུགས་རྒྱས་པར་བྱས་ཏེ་ཉམས་འགྱུར་གསར་པ་གཏོད་པའི་བསམ་བློ་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། དཀྲོགས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་དོན་གྲུབ་ཀྱིས། ལོ་མང་རིང་གྲོང་ཚོར་བདེ་འཇགས་དང་ཉེས་དོན་གྱི་གྱོད་གཞི་ཆེན་པོ་ཐོན་མྱོང་མེད། གྲོང་མི་ཚང་མས་རང་རྟོགས་ངང་ཤེས་དཔལ་གྲོང་ཚོ་སྐྲུན་རྒྱུའི་ཐད་ཐབས་དང་ཇུས་འདོན་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་ནས་ཤེས་དཔལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཀྱི་ཡོད་ཟེར།
   དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་དཀྲོགས་གྲོང་ཚོས་སུར་པན་ཐོན་ལས་དེ་གཙོ་ཁྲིད་ཐོན་ལས་ལ་བརྩིས་ནས་རོགས་སྐྱོར་དང་འཕེལ་རྒྱས་བཏང་བ་དང་། གྲོང་རྡལ་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་འདེབས་འཛུགས་ཁྱོན་ཆེན་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་རང་བྱུང་གི་ཐོན་ཁུངས་ལེགས་ཆ་དང་སྟབས་བདེའི་འགྲིམ་འགྲུལ་ཆ་རྐྱེན་ལ་བརྟེན་ནས་ཡུལ་སྐོར་ཐོན་ཁུངས་སྡེབ་སྒྲིག་ཤུགས་ཆེན་བྱས་ཏེ་“ཞིང་ཁྱིམ་སྤྲོ་སྐྱིད་ཁང་”བཏོད་དེ་ཐོན་ལས་དང་མཛེས་ལྗོངས་མཉམ་འདྲེས་དང་ཞིང་ལས་དང་ཡུལ་སྐོར་གཉིས་ཀ་འཕེལ་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད།
   ད་ཆ་དཀྲོགས་གྲོང་ཚོར་ཐོན་ལས་དར་རྒྱས་དང་། སྣོད་བཅུད་བཟང་བའི་གཞིས་ཆགས། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་བའི་རྣམ་པ་ཞིག་མངོན་བཞིན་ཡོད།
【1】  【2】  【3】  【4】  【5】  【6】