འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་18ཉིན།

ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་པ་ལས་བོད་ལྗོངས་ཀྱི་སྐོར་གཡེང་5པ། 

༄༅།།བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་སྦུ་ན་གྲོང་ཚོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་
བཞད་ནས་བདེ་སྐྱིད་ལྡན་པའི་འཚོ་བའི“འབྲས་བུ”ཐོན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་18ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   


    གྲོང་གསེབ་དར་རྒྱས་གཏོང་བར་ཡུལ་སྲོལ་ཡ་རབས་ཡོང་བར་བྱ་རྒྱུ་ནི་འགན་ལེན་ཡིན་པ་དང་། ཡ་རབས་ཀྱི་ཡུལ་སྲོལ་དང་གོམས་སྲོལ་བཟང་པོར་བསྒྱུར་རྒྱུ་ནི་འགག་རྩ་ཡིན། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བའི་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་གཏོད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་བོད་ཀྱི་གོམས་སྲོལ་བསྒྱུར་བའི་སྐོར་གླེང་བའི་”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཁྱེད་དང་མཉམ་དུ་ཤེས་དཔལ་གྲོང་གསེབ་ཀྱི་གོམས་སྲོལ་བཏོད་དེ་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པ་རེད།
   བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་སྦུ་ན་གྲོང་ཚོའི་མི་རིགས་མཐུན་སྒྲིལ་“མཛའ་གཅུགས་གསུམ་ལྡན་”ཐང་ཆེན་ནི་ས་གནས་དེ་གའི་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བའི་དཔང་རྟགས་ཤིག་རེད། སྦུ་ན་གྲོང་ཚོར་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས། ས་ལར་སོགས་མི་རིགས་མང་པོའི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག དེ་སྔ་ཕན་ཚུན་ངོ་གཏན་ནས་མི་ཤེས་པའི་གྲོང་མིས་ཕན་ཚུན་རོགས་རམ་བྱས་ནས་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་བརྩམས་ཡོད།
   མཚོ་སྔོན་ནས་ཡོང་བའི་ཧུའེ་རིགས་ཨ་ཁུ་མཱ་པིན་ལིན་ལ་ཡུལ་མི་ཚོས་བྱམས་བརྩེའི་ངང་“ཨ་ཕ་”ཞེས་བརྗོད་ཀྱི་ཡོད། ཁོང་ནི་སྦུ་ན་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་གི་དཔང་པོ་ཞིག་ཡིན་ལ་ལས་མི་ཞིག་ཀྱང་རེད། 2006ལོར་མཱ་པིན་ལིན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ནས་སྦུ་ན་གྲོང་ཚོར་རླངས་འཁོར་བཟོ་བཅོས་ཁང་ཞིག་གཉེར་རྩིས་ཡོད་མོད། འོན་ཀྱང་། མ་དངུལ་མི་འདང་བའི་དབང་གིས་ཐབས་ཟད་དེ་ཁྱིམ་མཚེས་ཀྱི་ས་ནས་དངུལ་གཡར་ཨེ་ཐུབ་བལྟས། བསམ་ཡུལ་ལས་འདས་པ་ཞིག་ལ་ཡུལ་མི་ཚོས་ཁོང་ལ་རོགས་བྱས་ནས་མ་དངུལ་སྔ་འདོན་བྱས་པ་མ་ཟད། ད་དུང་ཁོང་ལ་ས་ཆ་འཚོལ་རོགས་དང་། ཡོ་བྱད་ཉོ་རོགས། ཚོང་རྒྱག་རོགས་བཅས་བྱས་སྟབས་རླངས་འཁོར་བཟོ་བཅོས་ཀྱི་ཚོང་ཡང་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ཡོད།
   མཱ་པིན་ལིན་གྱི་གཏམ་རྒྱུད་ནི་སྦུ་ན་གྲོང་ཚོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསྡུས་རིས་ཤིག་རེད། 
2017ལོར་སྦུ་ན་གྲོང་ཚོར་ཀྲུང་དབྱང་གི་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་”གྱི་མཚན་སྙན་གནང་བ་དང་། 2019ལོར་བྱེ་བ་ཤང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་”ཀྱི་མཚན་སྙན་གནང་བ་རེད། 
ཏང་གི་དམངས་ཕན་སྲིད་ཇུས་ཁག་ལག་ལེན་བསྟར་བའི་ཁར་སྦུ་ན་གྲོང་ཚོའི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་བརྩོན་བྱས་པར་བརྟེན་ཚང་མའི་འཚོ་བ་ཉིན་རེ་བཞིན་འཁྲུག་ཏུ་ཕྱིན་ཡོད། 
    ད་ཆ། སྦུ་ན་གྲོང་ཚོར་སྐྱོད་སྐབས་ཁྲོམ་གཞུང་འཕྲེད་གཞུང་སྣོལ་མར་གནས་པ་དང་། ལམ་ངོས་གཙང་ལ་གཙང་སྦྲ་དོད་པ། གྲོང་མིའི་སྡོད་ཁང་དོད་ཉམས་ལྷག་པར་སྤྲོ་བ། གྲོང་མིས་སྤྲོ་སེམས་ཆེན་པོས་མགྲོན་པོར་དགའ་བསུ་ཞུ་བ་བཅས་ཀྱི་རྣམ་པས་ཁེངས་ཡོད། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། སྦུ་ན་གྲོང་ཚོའི་མང་ཚོགས་ཚོ་ཡིད་ཆེས་ཀྱིས་ཁེངས་བཞིན་པར་“ང་ཚོས་མུ་མཐུད་སེར་འབྲུ་བཞིན་རྡོག་པོར་འགྲིལ་ནས་ཡར་ཀླུང་གཙང་པོའི་ངོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་ཆུ་དྲངས་ནས། ‘སྦུ་ནའི་བུ་ཕྲུག་ཁྱིམ་ཚང་གཅིག་ལྟར་བརྩེ། བདེ་ལྡན་ཁྱིམ་གཞིས་ཆེན་པོ་མཉམ་དུ་བསྐྲུན་’ པའི་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་ལེན་རྒྱུ་ཡིན་”ཟེར་རོ།
【1】  【2】  【3】  【4】  【5】  【6】