འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་18ཉིན།

ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་པ་ལས་བོད་ལྗོངས་ཀྱི་སྐོར་གཡེང་4པ། 

༄༅།།བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གྲོང་རྡལ་གྱི་ཤར་ངོས་གྲོང་། དུ་བ་མེད་པའི་གྲོང་ཚོའི་
དོན་གཉེར་གསར་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་18ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
  


      གྲོང་གསེབ་དར་རྒྱས་གཏོང་བར་ཡུལ་སྲོལ་ཡ་རབས་ཡོང་བར་བྱ་རྒྱུ་ནི་འགན་ལེན་ཡིན་པ་དང་། ཡ་རབས་ཀྱི་ཡུལ་སྲོལ་དང་གོམས་སྲོལ་བཟང་པོར་བསྒྱུར་རྒྱུ་ནི་འགག་རྩ་ཡིན། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བའི་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་གཏོད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་པ་ལས་བོད་ལྗོངས་ཀྱི་སྐོར་གཡེང་”ཞེས་པའི་བརྗོད་བྱའི་བྱེད་སྒོར་སྐུ་ཉིད་གདན་འདྲེན་ཞུས་ནས་ལས་དོན་འདི་མཉམ་དུ་དར་སྤེལ་གཏོང་རྒྱུ་ཡིན། 
    “སྐུ་ཉིད་ཐ་མག་མི་འཐེན་པའི་གྲོང་ཚོར་སླེབས་ཡོད། གྲོང་ཚོའི་ནང་ས་ཁོངས་ཚང་མར་ཐ་མག་འཐེན་མི་ཆོག་པས་རང་རྟོགས་ངང་བརྩི་སྲུང་ཞུ་དགོས།” བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གྲོང་རྡལ་ཤར་ངོས་གྲོང་ཚོར་སྐྱོད་སྐབས། མངོན་གསལ་དོད་པའི་མཚོན་རྟགས་བྱང་བུ་ཞིག་མིག་ལམ་དུ་མཐོང་རྒྱུ་འདུག ཕྱོགས་བཞིར་བལྟས་ཚེ་གྲོང་ཚོར་སྔོ་ལྗང་གིས་ཁེངས་པ་དང་། འགྲོ་ལམ་གཙང་ལ་གཙང་སྦྲ་དོད་པོ་འདུག ཐ་མག་ཚོད་འཛིན་བྱ་རྒྱུ་ནི་ཤར་ངོས་གྲོང་ཚོས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་གལ་ཆེན་གྲས་ཤིག་རེད། 
    དེ་སྔ་གྲོང་ཚོའི་ནང་ཚོགས་འདུ་འཚོགས་སྐབས། ཚོགས་རར་དུ་བས་ཁེངས་པ་དང་གྲོང་མི་ཚོས་ཐ་མག་ཚོད་མེད་འཐེན་གྱི་ཡོད་པས་གཟུགས་གཞི་བདེ་ཐང་ལ་གནོད་ཀྱི་ཡོད་ལ་དཔལ་འབྱོར་གྱི་འགྲོ་སོང་ཆེན་པོ་ཡོད། ལོ་འགའི་སྔོན་ལ། གྲོང་ཚོས་ཐ་མག་གཅོད་དུ་བཅུག་ནས་ཐ་མག་ཚོད་འཛིན་བྱ་རྒྱུ་ཐག་བཅད་ཅིང་། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་ཐ་མག་གཅོད་པ་དང་ཆབས་ཅིག་གྲོང་མིའི་ཚོགས་ཆེན་འཚོགས་ནས་ཐ་མག་བཅད་དེ་ཐ་མག་ཚོད་འཛིན་བྱ་རྒྱུ་ཁྱབ་གདལ་བཏང་ཡོད། གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་མིས་ཕན་ཚུན་ལྟ་སྐུལ་བྱས་པ་བརྒྱུད་ལོ་གཅིག་གི་དུས་ཚོད་ནང་གྲོང་ཚོ་ཡོངས་ཀྱིས་ཐ་མག་འཐེན་པའི་སྣང་ཚུལ་གཞི་རྩའི་ཆ་ནས་གཏན་འགོག་ཐུབ་ཡོད་པ་རེད།
    ད་ཆ་གྲོང་མིའི་ཡ་རབས་སྐྱོན་བྲལ་གྱི་འཚོ་བའི་དགོས་མཁོ་སྔར་ལས་ཆེ་རུ་ཕྱིན་ནས། ཚང་མར་གྲོང་དོན་དོ་དམ་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ་གྲོང་ཚོའི་གོམས་སྲོལ་རིམ་བཞིན་ལེགས་སུ་ཕྱིན་པ་མ་ཟད། གྲོང་ཁྱེར་ཤར་ངོས་ཀྱི་གྲོང་སྡེའི་འབད་བརྩོན་གྱི་ཁ་ཕྱོགས་སུ་གྱུར་ཡོད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ལ་བརྟེན་ནས་ཤར་ངོས་གྲོང་ཚོས་ཡ་རབས་ཀྱི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། དམངས་སྲོལ་བབ་ཆགས་བཅས་སྐྱེད་སྲིང་ཤུགས་ཆེན་བྱས་པས་གྲོང་གསེབ་ཀྱི་རིག་གནས་གསོན་ཤུགས་འཕེལ་ཡོད།
【1】  【2】  【3】  【4】  【5】  【6】