འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་18ཉིན།

ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་པ་ལས་བོད་ལྗོངས་ཀྱི་སྐོར་གཡེང་གི་ལེ་ཚན་གསུམ་པ། 

༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་སྒྲུབ་སྡེ་གྲོང་ཚོའི་རྩྭ་ཐང་ཐོག་གི་ཤེས་དཔལ་གྱི་འགན་འཁྲི།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་15ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 


   གྲོང་གསེབ་དར་རྒྱས་ཡོང་བར་བྱེད་པར་ཡུལ་སྲོལ་ཡ་རབས་ཡོང་བ་བྱ་རྒྱུ་ནི་འགན་ལེན་ཡིན་པ་དང་། ཡ་རབས་ཀྱི་ཡུལ་སྲོལ་གོམས་གཤིས་བསྒྱུར་རྒྱུ་ནི་འགག་རྩ་ཡིན། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བའི་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་བོད་ཀྱི་གོམས་སྲོལ་བསྒྱུར་བའི་སྐོར་གླེང་བའི་”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཁྱེད་དང་མཉམ་དུ་ཤེས་དཔལ་གྲོང་གསེབ་ཀྱི་གོམས་སྲོལ་བཏོད་དེ་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པ་རེད།
   1971ལོ་ནས་བཟུང་། རྒྱལ་སྟོན་དང་བོད་ཀྱི་ལོ་གསར་ཚེས་1ཉིན་སོགས་དུས་ཆེན་གལ་ཆེན་སྐབས། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་སྒྲུབ་སྡེ་གྲོང་ཚོའི་བགྲེས་སོང་དོན་གྲུབ་ཀྱིས་རང་ཉིད་ཀྱིས་བཟོས་པའི་རྒྱལ་དར་གསར་པ་ཞིག་རང་ཁྱིམ་གྱི་ཐོག་སྟེང་དུ་བཀལ་ཡོད། 
དོན་གྲུབ་ནི་1949ལོར་སྐྱེས་པ་དང་ཀྲུང་གོ་གསར་པ་དབུ་བརྙེས་པའི་ལོ་དང་ལོ་མཉམ་རེད། ཆུང་དུས་སུ་གོས་ཀྱིས་གཟུགས་པོ་མི་ཁེབས་ལ་ཟས་ཀྱིས་གྲོད་པ་མི་རྒྱགས་པའི་དཀའ་སྡུག་ཚད་མེད་མྱངས་ཡོད། གུང་ཁྲན་ཏང་གི་བཀའ་དྲིན་གྱིས་ཁོང་ལ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་སྐལ་ཐོབ་ཡོད། ཏང་གི་ཉི་འོད་འོག་ཏུ། དོན་གྲུབ་ཡུན་རིང་པོར་བདེ་འཇགས་དང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་ཡོད། རྒྱལ་དར་འཚེམ་རྒྱུ་དེའང་ཁོང་གི་ཚེ་གང་པོའི་“བྱ་གཞག”ཏུ་གྱུར་ཅིང་། ད་ཆ་ཁོང་གིས་རྒྱལ་དར་100ལྷག་ཙམ་བཟོས་ཡོད། ཁོང་གི་ཤུགས་རྐྱེན་འོག གྲོང་མིའི་ཁྱིམ་ཚང་ཚང་མས་རང་འགུལ་ངང་རྒྱལ་དར་བཀལ་བ་དང་། སྐད་གྲགས་མེད་པའི་གྲོང་ཚོ་ཆུང་ཆུང་དེ་ཡང་མིང་དོན་མཚུངས་པའི་དམར་པོའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད། 
    ཉེ་བའི་ལོ་ཤས་རིང་། སྒྲུབ་སྡེ་གྲོང་ཚོས་གསར་བརྗེའི་རིག་གནས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་། གཞི་རིམ་བཅོས་སྐྱོང་དང་། གྲོང་ཚོ་དང་གྲོང་མིའི་རྣམ་པ། ཡུལ་སྲོལ་ཡ་རབས་སོགས་ཀྱི་ཐད་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད། ད་ཆ་གྲོང་ཚོའི་མི་སེར་གྱི་ཐོབ་ཚོར་དང་། བདེ་སྐྱིད་ཀྱི་ཚོར་སྣང་། བདེ་འཇགས་ཀྱི་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་མ་བརྟན་པོ་ཐེབས་ཡོད།
【1】  【2】  【3】  【4】  【5】  【6】