འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་18ཉིན།

ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་པ་ལས་བོད་ལྗོངས་ཀྱི་སྐོར་གཡེང་གི་ལེ་ཚན་2པ། 

༄༅།།བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷོ་མ་གྲོང་རྡལ་ཤར་མ་གྲོང་ཚོའི་བདེ་སྐྱིད་འཚོ་བ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་15ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

  
    གྲོང་གསེབ་དར་རྒྱས་ཡོང་བར་བྱེད་པར་ཡུལ་སྲོལ་ཡ་རབས་ཡོང་བ་བྱ་རྒྱུ་ནི་འགན་ལེན་ཡིན་པ་དང་། ཡ་རབས་ཀྱི་ཡུལ་སྲོལ་གོམས་གཤིས་བསྒྱུར་རྒྱུ་ནི་འགག་རྩ་ཡིན། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བའི་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་བོད་ཀྱི་གོམས་སྲོལ་བསྒྱུར་བའི་སྐོར་གླེང་བའི་”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཁྱེད་དང་མཉམ་དུ་ཤེས་དཔལ་གྲོང་གསེབ་ཀྱི་གོམས་སྲོལ་བཏོད་དེ་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པ་རེད།
   མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་ཤེས་དཔལ་གྱི་རྣམ་པ་གསར་པ་མངོན་ཡོད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་ཉི་ཆུས་ལྷོ་མ་གྲོང་རྡལ་ཤར་མ་གྲོང་ཚོར་སྐྱོད་སྐབས། ཁ་ཁུ་སིམ་ལ་སྐྱིད་སྣང་དོད་པའི་གྲོང་ཚོ་དང་། གྲལ་སྟར་འགྲིག་པའི་ཁང་པ། གཙང་སྦྲ་དོད་པའི་འགྲོ་ལམ། མཛེས་སྡུག་ལྡན་པའི་སྣོད་བཅུད་ཀྱི་རྣམ་པ་བཅས་མིག་ལམ་དུ་འཆར། ཉེ་བའི་ལོ་ཤས་རིང་། ཤར་མ་གྲོང་ཚོས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་དང་། ཤེས་ལྡན་མི་སྣ་དར་རྒྱས། རིག་གནས་དར་རྒྱས། སྣོད་བཅུད་དར་རྒྱས། རྩ་འཛུགས་དར་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་ཏུ་བསྒྲིལ་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་གསར་པ་ཞིག་བསྣན་པ་རེད། 
【1】  【2】  【3】  【4】  【5】  【6】