འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་དང་ཨེ་རི་ཐྲེ་ཡའི་ཙུང་ཐུང་དབྱི་སཱ་ཡཱ་སིས་ཀྲུང་ཨེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་26ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨེ་རི་ཐྲེ་ཡའི་ཙུང་ཐུང་དབྱི་སཱ་ཡཱ་སིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་། ཀྲུང་ཨེའི་འབྲེལ་བར་རྒྱལ་སྤྱིའི་འཕོ་འགྱུར་ཆེན་པོ་བྱུང་བ་དང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཟོལ་མེད་མཛའ་མཐུན་དང་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད། མི་རིང་བའི་གོང་། ཙུང་ཐུང་དབྱི་སཱ་ཡཱ་སིས་གྲུབ་འབྲས་ཐོབ་པའི་སྒོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ང་ཚོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་གྲུབ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ངས་ཀྲུང་ཨེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་དབྱི་སཱ་ཡཱ་སི་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་གོ་སྐབས་སུ་བྱས་ཏེ། ཕན་ཚུན་རྒྱབ་སྐྱོར་བྱེད་རྒྱུ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཨེའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     དབྱི་སཱ་ཡཱ་སིས་ཨེ་ཀྲུང་གི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཀྲུང་གོས་ཨེ་རི་ཐྲེ་ཡའི་མི་དམངས་ལ་མི་རིགས་རང་བཙན་བརྩོན་ལེན་བྱེད་པའི་ཐད་སྤྱོད་དྲང་དང་དངོས་པོའི་རྒྱབ་སྐྱོར་བྱས་ཡོད། འདས་ཟིན་པའི་ལོ་30ཡི་ནང་། ཨེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ཡོད། མི་རིང་བའི་གོང་ངས་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་གྲོས་མོལ་གཏིང་ཟབ་བྱས་པ་ཡིན། ཨེ་ཀྲུང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་དེ་རིམ་པ་དེ་བས་མཐོ་བ་ཞིག་ཏུ་སླེབས་པ་དང་ཁྱབ་ཁོངས་ཁག་དང་ཕྱོགས་ཡོངས་ལ་ཁྱབ་པའི་མཉམ་ལས་དང་མཐུན་སྦྱོར་ཐུབ་པར་ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད། ཁོང་གིས་ངས་བཀྲ་ཤིས་པའི་དུས་སྐབས་དེར་ཨེ་ཀྲུང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་འབྲེལ་བའི་མདུན་ལམ་གྱི་གདེང་ཚོད་བརྟན་པོ་དང་སྨོན་འདུན་བཟང་པོ་སླར་ཡང་ཞུ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།