༄༅།།གོར་མོ་གྲོང་ཁྱེར་གྱི་ཞིང་ཆེན་སྒྲོལ་བའི་ངལ་ནུས་ཕྱིར་གཏོང་གི་ལས་མི་ཁག་དང་པོ་དབུན་ཀྲོའུ་རུ་ལས་ཞུགས་བྱས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 05ཚེས་16ཉིན། 11:12】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་དང་། ཞིང་ཆེན། ཀྲོའུ། གྲོང་ཁྱེར་བཅས་ཀྱི་ལས་ཞུགས་བརྟན་པོ་དང་གྲོང་མིའི་ལས་ཞུགས་འགན་ལེན་གྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཀྲེ་ཅང་ཞིང་ཆེན་དབུན་ཀྲོའུ་གྲོང་ཁྱེར་དང་ངལ་ནུས་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད། ཟླ་5ཚེས་9ཉིན་མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྱི་ཞིང་ཆེན་སྒྲོལ་བའི་ངལ་ནུས་ཕྱིར་གཏོང་ཁག་དང་པོའི(གོར་མོ་-དབུན་ཀྲོའུ)ངལ་རྩོལ་པ་22དབུན་ཀྲོའུ་རུ་ལས་ཀར་བསྐྱོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་མི་22གོར་མོ་གྲོང་ཁྱེར་གྱི་ལས་ཞུགས་ཞབས་ཞུ་ཅུས་ཀྱི་ལས་དོན་མི་སྣས་རུ་སྣེ་ཁྲིད་དེ་དབུན་ཀྲོའུ་གྲོང་ཁྱེར་གྱི་ཁེ་ལས་ཁག་ལ་མངགས་གཏོང་བྱས་པ་དང་། ཀྲེ་ཅང་གི་མཚོ་སྐྱོར་གོར་མོ་ལས་དོན་ཚོགས་ཆུང་གིས་འགྲིམ་འགྲུལ་ཁ་གསབ་འགན་ལེན་བྱས་ནས་ཞིང་ཆེན་སྒྲོལ་བའི་ངལ་ནུས་ཕྱིར་གཏོང་གི་ལས་མི་ཁག་དང་པོ་ཕྱིར་སྐྱོད་པའི་བདེ་འཇགས་དང་ལམ་བར་སྤྲོ་པོ་ཡོང་བའི་འགན་ལེན་བྱས་པར“ཁྱིམ་ནས་ཐོན་མ་ཐག་རླངས་འཁོར་ནང་སྡོད་པ་དང་དེ་རྗེས་བཟོ་གྲྭར་སྐྱོད་པའི”ངལ་ནུས་ཕྱིར་གཏོང་མངོན་འགྱུར་བྱུང་བ་རེད།
ཞིང་ཆེན་སྒྲོལ་ནས་ངལ་ནུས་མཉམ་ལས་བདེ་བླག་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱ་ཆེད། གོར་མོ་གྲོང་ཁྱེར་དང་དབུན་ཀྲོའུ་གྲོང་ཁྱེར་དབར《དབུན་ཀྲོའུ་ནས་གོར་མོ་བར་གྱི་ཞིང་ཆེན་སྒྲོལ་བའི་ངལ་ནུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་། ཕུགས་ཕན་གྱི་ངལ་ནུས་མཉམ་ལས་ཀྱི་ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་བཙུགས་ནས་དུས་མཇུག་ཏུ་ངལ་ནུས་རོགས་ལས་བྱེད་པར་རྨང་གཞི་བཏིང་བ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལས་ཀའི་ཆེད་ལས་ཚན་ཁག་བཙུགས་ནས་ཁེ་ལས་ལ་རོགས་རམ་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ་ཐབས་ལམ་མང་པོར་བརྟེན་ནས་ས་གནས་དེ་གའི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ཁྱད་ཆོས་དང་འཚམ་པའི་ལས་གནས་ཆ་འཕྲིན་འཚོལ་བསྡུ་བྱས་པ་རེད། དབུན་ཀྲོའུ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་སྲིད་ཇུས་བཏོན་ནས་དབུན་ཀྲོའུ་ཁེ་ལས་ཀྱིས་གོར་མོའི་ངལ་རྩོལ་བ་བསྡུ་བར་ལྕག་སྐུལ་བྱས་ཤིང་། གནས་ཀྱིས་གནས་ལ་བརྟེན་པའི་ངལ་ནུས་དགོས་མཁོའི་ཆ་འཕྲིན་འབྲེལ་མཐུད་བྱེད་པ་དང་ལས་ཞུགས་མཁོ་སྤྲོད་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་སྟེ་ངལ་ནུས་མངགས་གཏོང་བྱ་ཡུལ་དང་མཉམ་དུ“ཐོགས་མེད་བགྲོད་ལམ”བསྐྲུན་པ་རེད།
