འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྔོན་ཆད་ཀྱི་ཅུས་ཀྲང་གྱོད་ཡ་སྡོད་སར་བསྡད་པ་དང་ལས་རོགས་33ཟུར་ཉན་ལ་ཡོང་། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་03ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྔོན་ཆད་ཀྱི་ཅུས་ཀྲང་གྱོད་ཡ་སྡོད་སར་བསྡད་པ་དང་ལས་རོགས་33ཟུར་ཉན་ལ་ཡོང་།
    ཉེ་ཆར། ཧུའུ་ནན་ཞིང་ཆེན་ཡོན་ཅང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་དེ་སྔའི་རིམ་པ་གཉིས་པའི་བརྟག་ཞིབ་པ་ཧོ་གོ་ཝེ་ཡིས་རྒྱུ་རྔན་ཟ་ལེན་གྱི་ཉེས་གསོག་དོགས་ཡོད་གྱོད་གཞི་ཞིག་ཁྲིམས་རར་འདྲི་གཅོད་བྱས་པ་རེད། ཧོ་གོ་ཝེ་ཡིས་དབྱི་དབྱང་གྲོང་ཁྱེར་གྱི་རྒྱལ་ཁོངས་ཐོན་ཁུངས་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་དང་། གྲོང་ཁྱེར་གྱི་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅིའི་འགན་ཁུར་མྱོང་ཡོད། ཧོ་གོ་ཝེ་ཡི་གྱོད་གཞིའི་ཡོངས་བསྒྲགས་ཁྲིམས་རའི་འདྲི་གཅོད་ནང་། དབྱི་དབྱང་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་། གྲོང་ཨུད་གཞུང་དོན་ཁང་། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན། གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་སོགས་ཏང་སྲིད་ལས་ཁུངས་མང་པོ་ཞིག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་144ཁྲིམས་སའི་འདྲི་གཅོད་ཟུར་ཉན་ནང་ཞུགས་པ་རེད།
   ཁྲིམས་རའི་ཡུལ་དངོས་སྒམ་བརླིང་ལྡན་ཞིང་ཉན་མཁན་ཧ་ཅང་མང་། དེའི་ནང་སྡོད་མཁན་ད་དུང་དམིགས་བསལ་གྱི་མི་ཚོགས་ཁག་གཅིག་ཡོད་པ་དེ་ཧོ་གོ་ཝེ་ཡི་དེ་སྔའི་ལས་རོགས་33ཡིན་པ་དང་། དེའི་གྲས་སུ་དབྱི་དབྱང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཀྱི་ཚན་ཁག་གི་ཁོངས་མི་དང་། ཁོའོ་ཧྲིའི་འགན་འཁུར་བ་དང་རྫོང་དང་གྲོང་ཁྱེར་ཆུས་བཅས་ཀྱི་འགན་འཁུར་བ་གཙོ་བོ་ཚུད་ཡོད་པ་རེད།
   “ཐེངས་དང་པོར་ཁྲིམས་སའི་འདྲི་གཅོད་ཟུར་ཉན་ནང་ཞུགས་སྐབས། བསམ་ཡུལ་ལས་འདས་པར་ཞུ་སྦྱོར་ཕྱི་མ་བ་ནི་རང་ཉིད་ཀྱི་ཚན་པའི་དེ་སྔའི་འགོ་ཁྲིད་གཙོ་བོ་ཡིན་པ་དང་། མཉམ་དུ་ལོ་བཅུ་ཙམ་ལ་ལས་ཀ་བྱེད་མྱོང་མཁན་གྱི་ལས་རོགས་རེད། སེམས་ཧ་ཅང་སྐྱོ་ཞིང་སྡོད་བཟོད་མི་འདུག”ཅེས་བཤད། དབྱི་དབྱང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་གཞུང་དོན་ཁང་གི་ཀྲུའུ་རེན་ཡུས་ཝེ་མིང་གིས་བསླུ་བྲིད་ལ་ཁ་གཏད་གཅོག་སྐབས་ངེས་པར་དུ་དྲན་སྐུལ་བྱེད་དགོས་པ་དང་། མི་ཚེའི་སྒྲོག་གུ་རེ་རེ་བརྒྱབ་ནས་མི་ཚེའི་གོམ་སྟབས་རེ་རེ་བཞིན་ཡག་པོ་སྤོ་དགོས།
   “དེ་སྔའི་འགོ་ཁྲིད་རྒན་གྲས་ད་ཆ་གྱོད་ཡ་སྡོད་སར་བསྡད་དེ་བཅའ་ཁྲིམས་ཀྱི་འདྲི་གཅོད་དང་ལེན་བྱེད་ཀྱི་ཡོད་པ་མཐོང་སྐབས། ངའི་སེམས་པར་བརྡབ་གསིག་ཆེན་པོ་ཐེབས་བྱུང”ཞེས། དབྱི་དབྱང་གྲོང་ཁྱེར་ས་ཞིང་གསར་སྤེལ་དང་། ལེགས་སྒྲིག བསྐྱར་སྦོལ་བཅས་ལྟེ་གནས་ཀྱི་ཀྲུའུ་རེན་ཞུས་ཧའོ་ཁྲིམས་རའི་འདྲི་གཅོད་ནང་ཞུགས་རྗེས། དུས་དང་རྣམ་པ་ཀུན་ཏུ་བསམ་བློའི་ཐོག་ནས་སྐབས་ཤིག་རིང་གི་ཁེ་ཕན་དང་བསླུ་བྲིད་ཀྱིས་རྐྱེན་པས་གཞི་རྩའི་མཚམས་ཐིག་ཤོར་དུ་མི་འཇུག་པ་དང་། སྤྱོད་གཙང་གི་ཐོག་མའི་བསམ་འདུན་བརྟན་པོར་སྲུང་ནས་དྲང་གཞག་ངང་དབང་ཆ་སྤྱོད་ཐུབ་པ་བྱེད་དགོས། དབྱི་དབྱང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི། ཅུས་ཀྲང་ཀུང་ཝུའུ་ཡུན་གྱིས། སླད་ཕྱིན་གྱི་ལས་དོན་ཁྲོད་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། རང་བྱུང་ཐོན་ཁུངས་དང་འཆར་འགོད་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
   ད་ལོའི་ཚུན། དབྱི་དབྱང་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཁྲིམས་འཛིན་ལ་སྤོ་སྐྱེལ་བྱས་པའི་ལས་ཐོག་ཉེས་གསོག་གི་གྱོད་གཞི་ཆེ་གྲས་ཚང་མར་ངེས་པར་དུ་ལས་རིགས་དང་ཁྱབ་ཁོངས་གཅིག་པའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས། ཁྲིམས་སའི་འདྲི་གཅོད་ནང་ཞུགས་དགོས་པའི་བླང་བྱ་བཏོན་ཡོད།
   མིག་སྔའི་བར། དབྱི་དབྱང་གྲོང་ཁྱེར་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི་14བརྡ་ཁྱབ་བཏང་བ་དང་། སྒྲིག་བཤེར་ལྟ་ཞིབ་ཀྱི་གྲོས་འགོའི་ཡི་གེ་12བཏོན་པ། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཐེངས་208འཚོག་རྒྱུར་སྐུལ་འདེད་བཏང་བ། ཉེན་བརྡའི་སློབ་གསོའི་ཚོགས་ཆེན་ཐེངས་35འཚོགས་པ། ཁྲིམས་རའི་འདྲི་གཅོད་ཟུར་ཉན་མི་ཐེངས་703སྒྲིག་འཛུགས་བཅས་བྱས་པ་རེད།