འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཇམ་འཐབ་ལ་དགའ་བསུ་མེད་པ་བརྗོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་03ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། བྱང་ཆིངས་ཀྱི་དྲུང་ཆེ་སི་ཐུའོ་ཨེར་ཐེང་པེ་ཀེས་ཉེ་དུས་ལྷོ་ཁོ་རེ་ཡ་དང་ལྗར་པན་ལ་འཚམས་འདྲི་བྱེད་རིང་། ཀྲུང་གོ་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་ཐེངས་མང་སྤེལ་བར་དམིགས་ནས་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་2ཉིན་གྱི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག དེའི་དམིགས་ཡུལ་ལ་མི་རྣམས་ཀྱིས་དོགས་ཟོན་བྱེད་བཅུག ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱིས་འཇམ་འཐབ་ཀྱི་བསམ་གཞིག་དང་དཔུང་ཁག་གི་འགྲན་རྒོལ་ལ་དགའ་བསུ་ཞུ་རྒྱུ་མིན་པ་བཤད། 
   “བྱང་ཆིངས་ཀྱི་དྲུང་ཆེས་ལྷོ་ཁོ་རེ་ཡ་དང་ལྗར་པན་ལ་འཚམས་འདྲི་བྱེད་རིང་། རྐང་བཙུགས་ནས‘ཀྲུང་གོའི་འཇིགས་སྐུལ’ཟེར་བ་འུད་སྒྲོག་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་དབྱེ་འབྱེད་ལ་བརྟེན་ནས་ས་ཁུལ་དང་རྒྱལ་ཁབ་དབར་གྱི་འབྲེལ་བར་དཀྲུག་ཤིང་རྒྱག་པ་བཅས་ཀྱི་འདོད་ཚུལ་དེ་ནི་མི་རྣམས་ཀྱིས་དོགས་ཟོན་བྱེད་བཅུག་ཡོད”ཅེས་མའོ་ཉིང་གིས་བཤད།
    མའོ་ཉིང་གིས་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་གཞོལ་གྱི་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཞི་བདེ་མཉམ་ལས་དང་བརྟན་ལྷིང་དར་རྒྱས་ཀྱི་རྣམ་པ་ནི་ས་ཁུལ་དང་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱིས་འཇམ་འཐབ་ཀྱི་བསམ་གཞིག་དང་དཔུང་ཁག་གི་འགྲན་རྒོལ་ལ་དགའ་བསུ་མེད། བྱང་ཆིངས་རྩ་འཛུགས་ཀྱིས་དེས་ཡོ་རོབ་ཀྱི་བདེ་འཇགས་ལ་ནུས་པ་ཅི་ཞིག་བཏོན་པར་བསམ་གཞིག་གཏིང་ཟབ་བྱེད་དགོས་པ་ལས་ཡོ་རོབ་ཟང་ཟིང་མི་བཟོ་མི་རུང་། ད་དུང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་འཛམ་གླིང་ཟང་ཟིང་བཟོ་འདོད་ཡོད།