འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུག་རེན་ལ་ཐཱན་ཁེ100ལྷག་འབྱོར་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་02ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཡུག་རེན་ལ་གཙོ་འཐབ་ཐཱན་ཁེ་སོགས་མཚོན་ཆ་ཆེ་གྲས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་31ཉིན། ཡུག་རེན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལེ་པཱ་ཡིས་སྨྱན་སྦྱོར་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཡུག་རེན་ལ་མཁོ་འདོན་བྱས་པའི་ཐཱན་ཁེ་ཁག་དང་པོར་ཧ་ལམ་120ནས་140བར་ཡོད་ཅེས་བཤད་པ་རེད།
   ཁུའུ་ལེ་པཱ་ཡིས། ད་ལྟ་ནུབ་ཕྱོགས་རྒྱལ་ཁབ་12ཀྱིས་ཡུག་རེན་ལ་“གཟིག་རྟགས་2པ་”དང་M1 “ཨའེ་པུའུ་ལཱ་མུའུ་སི་”སོགས་པ་རྟགས་ཅན་གྱི་ཐཱན་ཁེ་མཁོ་འདོན་བྱ་རྒྱུའི་ཁས་ལེན་བྱས་ཡོད། ཁུ་ལི་པཱ་ཡིས་ད་དུང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་མཁོ་འདོན་བྱས་པའི་དམག་དོན་སྒྲིག་ཆས་ཡུག་རེན་དུ་འབྱོར་རྗེས་ཨུ་རུ་སུར་“གཞི་ཁྱོན་ཆེ་བའི་ཕར་རྒོལ་”བྱ་རྒྱུའི་འཆར་གཞི་ཡོད་ཅེས་བཤད།