འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ཀྱིས་2030ལོར་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་566བསྐྲུན་རྒྱུའི་འཆར་འགོད་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་02ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ● བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་འཚོགས་པའི་བོད་ཀྱི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་འཆར་འགོད་སྒྲིག་བཟོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོཌ་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་སུ《བོད་རང་སྐྱོང་ལྗོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་འཆར་འགོད(2021ལོ་ནས་2030ལོ་བར)》དངོས་སུ་ཁྱབ་བསྒྲགས་བྱས་ནས་2025ལོར་སླེབས་སྐབས་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་446བསྐྲུན་རྒྱུ་དང་མུའུ་ཁྲི་45སྒྱུར་བཀོད་བྱས་ནས་ལེགས་སུ་བཏང་སྟེ་2030ལོར་སླེབས་སྐབས་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་566བསྐྲུན་རྒྱུ་དང་མུའུ་ཁྲི་103སྒྱུར་བཀོད་བྱས་ནས་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་30ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་འཚོགས་པའི་བོད་ཀྱི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་འཆར་འགོད་སྒྲིག་བཟོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུ་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་སུ《བོད་རང་སྐྱོང་ལྗོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་འཆར་འགོད(2021ལོ་ནས་2030ལོ་བར)》དངོས་སུ་ཁྱབ་བསྒྲགས་བྱས་ནས་2025ལོར་སླེབས་སྐབས་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་446བསྐྲུན་རྒྱུ་དང་མུའུ་ཁྲི་45སྒྱུར་བཀོད་བྱས་ནས་ལེགས་སུ་བཏང་སྟེ་2030ལོར་སླེབས་སྐབས་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་566བསྐྲུན་རྒྱུ་དང་མུའུ་ཁྲི་103སྒྱུར་བཀོད་བྱས་ནས་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
     《བོད་རང་སྐྱོང་ལྗོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་འཆར་འགོད(2021ལོ་ནས་2030ལོའི་བར)》ནང་མིག་སྔར་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་བའི་དོན་སྙིང་གལ་ཆེན་རྒྱས་བཤད་བྱས་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཐད་ལྷག་པའི་གནད་དོན་དང་དགེ་མཚན་ལྡན་པའི་ཆ་རྐྱེན་སོགས་གསེད་བཀྲོལ་བྱས་པ། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་འཛུགས་སྐྲུན་ལས་འགན་ཁ་གསལ་བཟོས་པ། བསྐྲུན་རྗེས་རྩིས་སྤྲོད་དང་རྗེས་མཐུད་ཀྱི་དོ་དམ་སྲུང་སྐྱོང་བྱ་ཐབས་བཏོན་པ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་དཔལ་འབྱོར་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ལ་དབྱེ་ཞིབ་བྱས་པ། ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ལ་གདེང་འཇོག་བྱས་པ་བཅས་དང་དུས་མཚུངས་འཆར་འགོད་ལག་བསྟར་གྱི་འགན་ལེན་བྱ་ཐབས་ཀྱང་བཏོན་པ་རེད།
     འཚོ་རྟེན་འབྲུ་དང་འབྲུ་རྟེན་ཞིང་ཡིན་པས། ཚད་གཞི་མཐོ་བའི་ཞིང་ཁ་ཡག་པོ་བསྐྲུན་རྒྱུ་དེ་ནི་ས་བཅུད་ཆེ་རུ་གཏོང་བ་དང་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན་རྗེས་རང་ལྗོངས་ཀྱི་རྨོ་ཞིང་སྤུས་ཚད་རིམ་པ་1མཐོ་རུ་གཏོང་རྒྱུ་དང་། རྨོ་འདེབས་བསྡུ་གསུམ་གྱི་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཆུ་ཚད་བརྒྱ་ཆའི་གྲངས་15ཡན་མཐོ་རུ་གཏོང་རྒྱུ། གསར་དུ་བསྐྲུན་པའི་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་རེའི་འབྲུ་རིགས་ཐོན་འཕར་སྤྱི་རྒྱ་25ཡན་ཟིན་རྒྱུ། སྒྱུར་བཀོད་བྱས་ནས་ལེགས་སུ་བཏང་བའི་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་རེའི་འབྲུ་རིགས་ཐོན་འཕར་སྤྱི་རྒྱ་20ཡན་ཟིན་རྒྱུ་བཅས་མ་གནས་གྲོན་ཆུང་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་རེད། ཆ་སྙོམས་མུའུ་རེར་ཞིང་སྨན་དང་རྫས་ལུད་གྲོན་ཆུང་ཐུབ་ཚད་གཉིས་ཀ་10%ཡན་ཟིན་རྒྱུ་དང་ཞིང་སྨན་དང་རྫས་ལུད་སྤྱོད་པའི་ལས་ཕྱོད་ནུས་ལྡན་ངང་མཐོ་རུ་ཕྱིན་ནས་ཞིང་ལས་ནས་བྱུང་བའི་སྦགས་བཙོག་ཉུང་དུ་འགྲོ་རྒྱུ་རེད།