འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱ་གར་གྱི་ཁང་པ་ཞིག་མེ་ཤོར་ནས་མི་14རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་01ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་31ཉིན་གྱི་ཆུ་ཚོད་18དང་སྐར་མ་13ཙམ་ལ། རྒྱ་གར་གྱི་ཅ་ཁན་ཏེ་མངའ་སྡེ་པ་ཏེ་ས་ཁུལ་གྱི་ཐོག་བརྩེགས་མང་བའི་ཁང་པ་ཞིག་ལ་མེ་སྐྱོན་ཐོན་ནས་ཉུང་མཐར་ཡང་མི་14རྐྱེན་ལམ་དུ་ཤོར་བ་དང་། མི་20ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། རྨས་མ་ཁག་ཅིག་ལ་ནད་གཞི་ལྕི་མོ་ཕོག་ཡོད་པ་རེད།
   རྒྱ་གར་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཁང་པའི་ཐོག་སོ་གསུམ་པའི་སོལ་རླངས་སྣོད་ཆས་འབར་གས་བྱུང་ནས་མེ་ཆེན་པོ་འབར་བ་དང་། དེ་ཐོག་བརྩེགས་དྲུག་པའི་བར་མཆེད་ཡོད་ཅེས་བཀོད་འདུག