འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ད་ལོའི་ཉ་གང་ཟླ་བ་ཆུང་ཤོས་དེ་འཆར་ལ་ཉེ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་01ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ད་ལོའི་ཉ་གང་ཟླ་བ་ཆུང་ཤོས་དེ་འཆར་ལ་ཉེ།
    མི་དམངས་དྲ་བའི་འཕྲིན། ཟླ་2པར། རེ་སྒུག་བྱེད་རིན་ཡོད་པའི་གནམ་གཤིས་ཀྱི་སྣང་ཚུལ་འགའ་ཡོད། ཟླ་2ཚེས་6ཉིན་གྱི་ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་16ཉིན་གྱི་ཐོ་རེངས་སུ། ང་ཚོས་ལོ་འཁོར་གྱི་ཉ་གང་ཟླ་བ་ཆུང་ཤོས་དེ་མཐོང་ཐུབ། ཟླ་གཉིས་པའི་ཟླ་མཇུག་ཏུ་པ་སངས་དང་ཟླ་བ་མཉམ་དུ་འཆར་རྒྱུ་རེད། 
   གསར་འགོད་པས་པེ་ཅིང་གནམ་རིག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་2ཚེས་6ཉིན་གྱི་ཐོ་རེངས་སུ་ཉ་གང་ཟླ་བ་ཆུང་ཤོས་འཆར་རྒྱུ་དང་། ཚངས་ཐིག་ལ་བལྟས་ཚེ་ཧ་ལམ་29′45″ཡོད་པ་རེད། 
   ཉ་གང་ཟླ་བ་ཆེ་ཤོས་དང་ཆུང་ཤོས་ཀྱི་ཚངས་ཐིག་ཁྱད་པར་ཕལ་ཆེར་14%ཡོད་ལ། གསལ་ཚད་ཀྱང་མི་འདྲ། འོན་ཀྱང་ཁྱད་པར་འདི་སྤྱིར་བཏང་གི་མིས་མིག་གིས་མཐོང་དཀའ། ཉ་གང་ཟླ་བ་ཆེ་ཤོས་ནི་ང་ཚོས་རྒྱུན་པར་བཤད་པའི“རིམ་འདས་ཟླ་བ”དེ་ཡིན་ཞིང་། ད་ལོའི་ཟླ་8པའི་ཟླ་མཇུག་ཏུ་འཆར་རྒྱུ་རེད། 
   ཟླ་2པའི་ཚེས་22ཉིན་གྱི་ས་སྲོད་ལ། ལྷོ་ནུབ་ཕྱོགས་ཀྱི་གནམ་མཁར“པ་སངས་དང་ཟླ་བ་མཉམ་འཆར་”བྱ་རྒྱུ་དང་། དེ་ཡང་པ་སངས་ལ་གསལ་ཆ་ཧ་ཅང་ཆེ་བས། “པ་སངས་དང་ཟླ་བ་མཉམ་འཆར”ལྟ་རིན་ཆེན་པོ་ལྡན།  ཚེས་22ཉིན་གྱི་ཉི་མ་ནུབ་རྗེས། པ་སངས་དང་ཟླ་བའི་བར་ཐག་ཏུའུ་2°ཡས་མས་ལས་མེད་པ་མ་ཟད། ཉིན་དེའི་དགོང་མོའི་ཟླ་བ་ནི་ཟླ་གམ་ཕྲ་མོ་ཞིག་དང་། དུས་མཚུངས་སུ་དེ་དག་གི་བར་ཐག་ཕལ་ཆེར་8°གནས་སུ་ད་དུང་སྐར་མ་ཕུར་བུ་ལ་ལྟ་ཐུབ།
༄༅།།ད་ལོའི་ཉ་གང་ཟླ་བ་ཆུང་ཤོས་དེ་འཆར་ལ་ཉེ།