འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིས་ཀྲུང་གོའི་ཧྭ་ཝུའེ་ཀུང་སི་དང་འབྲེལ་མཚམས་འཇོག་རྒྱུ་རེད་དམ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་01ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཏེན་སྲིད་གཞུང་གིས་ཨ་རིའི་མཁོ་སྤྲོད་ཚོང་པ་དང་ཀྲུང་གོའི་ཧྭ་ཝུའེ་ཀུང་སིའི་བར་གྱི་འབྲེལ་བ་ཚང་མ་མཚམས་འཇོག་བྱ་རྒྱུའི་བསམ་གཞིག་བྱེད་བཞིན་ཡོད་པ་རེད། 
ཟླ་1ཚེས་31ཉིན་གྱི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་འདྲི་རྩད་ལ་ལན་བསྐྱོན་དོན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་སྤེལ་བར་དོ་ཁུར་ཆེན་པོ་བྱེད་པ་དང་། ང་ཚོས་འབྲེལ་ཡོད་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་བསྟན།  
   མའོ་ཉིང་གིས། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་རྒྱ་སྐྱེད་པ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་བྱུང་དུ་སྤྱད་ནས་ཀྲུང་གོའི་ཁེ་ལས་ལ་ཁུངས་ལུང་མེད་པའི་ངང་གནོན་ཤུགས་སྤྲད། བྱེད་སྟངས་དེ་རིགས་ནི་ཚོང་རའི་དཔལ་འབྱོར་གྱི་རྩ་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་འཚོང་གི་སྒྲིག་སྲོལ་དང་འགལ་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རིའི་ཚོང་གཉེར་ཁོར་ཡུག་ལ་བཅངས་པའི་ཡིད་ཆེས་ལ་གནོད་ཅིང་། ཚན་རྩལ་གྱི་བཙན་དབང་དམར་རྗེན་དུ་མངོན་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་ཁྲིམས་མཐུན་ཁེ་དབང་མུ་མཐུད་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱ་རྒྱུ་ཡིན་པ་བཤད།