འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྗར་པན་གྱི་གྲུ་གཟིངས་5རང་རྒྱལ་གྱི་མཚོ་ཁོངས་སུ་འཛུལ་བ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་01ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཀཱན་ཡུས་ཀྱིས་ཟླ་1ཚེས་30ཉིན་ལྗར་པན་གྱི“ཤིན་ཧྲི་ཝན་”རྟགས་ཅན་གྱི་གྲུ་གཟིངས་5ཁྲིམས་འགལ་ངང་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་འཛུལ་ཞིང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་ལྟར་དགོས་ངེས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱད་པ་དང་འབྲེལ་ཐ་ཚིག་བསྒྲགས་ནས་ཕྱིར་འབུད་བྱས་པ་རེད། ཏེའོ་ཡུས་གླིང་ཕྲན་དང་དེའི་ཞོར་གཏོགས་གླིང་ཕྲན་ནི་ཀྲུང་གོའི་སྔར་ཡོད་ས་ཁོངས་ཡིན་པས། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་ལྟར་རང་ངོས་རྒྱལ་ཁབ་ཀྱི་མཚོ་ཁོངས་སུ་མཚོ་ཐོག་གི་ཁེ་དབང་སྲུང་སྐྱོང་གི་ཁྲིམས་འཛིན་བྱེད་སྒོ་སྤེལ་བར། ལྗར་པན་ཕྱོགས་ལ་སྐད་ཆ་གང་བྱུང་ཤོད་པའི་དབང་ཆ་མེད། ང་ཚོས་ལྗར་པན་ཕྱོགས་ལ་མཚོ་ཁོངས་དེའི་ཁྲིམས་འགལ་བྱ་སྤྱོད་མཐའ་དག་འཕྲལ་མར་མཚམས་འཇོག་བྱས་ནས། དེ་དང་འདྲ་བའི་གནས་ཚུལ་རིགས་མི་ཐོན་པའི་འགན་ལེན་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད།