འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་རིགས་མང་ཚོགས་ཀྱིས“ཟླ་དང་པོའི་ཚེས་དགུའི་དུས་ཆེན”དགའ་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་01ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་རིགས་མང་ཚོགས་ཀྱིས“ཟླ་དང་པོའི་ཚེས་དགུའི་དུས་ཆེན”དགའ་གཏོང་བྱས་པ།
    ཟླ་1ཚེས་30ཉིན། གྱ་གྱུ་རི་བོའི་འདབས་སུ་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་པའོ་ཤིན་རྫོང་ཆའོ་ཆུས་བོད་རིགས་ཤང་གི་བོད་རིགས་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་ལོ་གཅིག་དུས་གཅིག་གི“ཟླ་དང་པོའི་ཚེས་དགུའི་དུས་ཆེན”དགའ་གཏོང་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། དམངས་སྲོལ་ཡུལ་སྐོར་གྱི་སྣེ་ལེན་དེ་ཉིད་ས་གནས་དེ་གའི་ཀ་རྟེན་ཐོན་ལས་ལ་གྱུར་པ་དང“ཟླ་དང་པོའི་ཚེས་དགུའི་དུས་ཆེན”དེ་ཉིད་ས་གནས་དེ་གས་དམངས་སྲོལ་ཡུལ་སྐོར་ངོ་སྤྲོད་བྱེད་པའི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད་པ་རེད། འདི་ནི་ས་གནས་དེ་གའི་བོད་རིགས་མང་ཚོགས་ཚོས་སྲོལ་རྒྱུན་གྱི་དམངས་སྲོལ་རྩལ་རྩེད(ངང་དཀར་གྱིས་སྒོ་ང་པང་དུ་ལེན་པ)རྩེ་བཞིན་པ།