འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འདི་གཉིས་ཀྱིས་ཡུག་རེན་ལ་མཚོན་ཆ་མཁོ་འདོན་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་29ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དབྱི་ཐ་ལིའི་སྨྱན་སྦྱོར་གྱིས་ཚེས་28ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། དབྱི་ཐ་ལི་དང་ཧྥ་རན་སེས་ཐུན་མོང་ཐོག་ཡུག་རེན་ལ་SAMP-Tམཁའ་ཟོན་མ་ལག་དང་། དེ་བཞིན་ལེ་ལག་ཚང་པོར་སྤྱོད་པའི་“ཨ་སི་ཐེ་-30”མཁའ་ཟོན་འཕུར་མདེལ་700ཙམ་མཁོ་འདོན་བྱ་རྒྱུའི་མོས་མཐུན་བྱས་པ་དེའི་རིན་ཐང་ཨ་སྒོར་བསྡོམས་འབོར་དུང་ཕྱུར་8.7ལསs་བརྒལ་ཡོད་པ་རེད། མཁའ་ཟོན་མ་ལག་དེ་ཧྥ་རན་སེ་དང་དབྱི་ཐ་ལིས་མ་འཇོག་བྱས་པའི་ཡོ་རོབ་མཁའ་ཟོན་འཕུར་མདེལ་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་རེད། གནས་འཕྲིན་སྤེལ་བར་གཞིགས་ན། མ་ལག་དེ་གཙོ་བོ་འབྲིང་རིམ་ས་ངོས་མཁའ་ཟོན་ཐད་སྤྱོད་ཀྱི་ཡོད་པས་སྤྱི་ལེ་25ཡི་ཚངས་ཕྱེད་ཚུད་པའི་འཕུར་མདའ་དང་། དེ་བཞིན་སྤྱི་ལེ་100ཡི་ཁྱབ་ཁོངས་ནང་གི་དམག་འཐབ་གནམ་གྲུ་འགོག་པ་དང་མེད་པར་བཟོ་ཐུབ་ཀྱི་ཡོད་པས། དུས་གཅིག་ཏུ་མཁའ་དབྱིངས་ཀྱི་དམིགས་ཚད་130ལྷག་ཙམ་ཏུ་འཚོལ་ཞིབ་བྱེད་ཐུབ་ཀྱི་ཡོད་པ་རེད།
     ཟླ་འདིའི་ཟླ་སྟོད་དུ་དབྱི་ཐ་ལིའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཨན་ཏུང་ཉི་ཨའོ་•ཐཱ་ཡ་ཉི་ཡིས་བཤད་དོན། དབྱི་ཐ་ལིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་བྱས་པ་ཡོ་སྒོར་བསྡོམས་འབོར་དུང་ཕྱུར་10ཙམ་ཟིན་ཡོད། ཚེས་24ཉིན་དབྱི་ཐ་ལིའི་གྲོས་ཚོགས་ཀྱིས་སྲིད་གཞུང་གི་བཀའ་ཁྲིམས་ཤིག་ལ་ཆོག་མཆན་སྤྲད་དེ། 2023ལོར་ཡུག་རེན་ལ་མུ་མཐུད་དམག་དོན་རོགས་སྐྱོར་བྱ་རྒྱུའི་འགན་ལེན་བྱས་པ་རེད།